《ཁུ་བྱུག་ལགས།》

创作翻唱 Tibet藏印 第272期 2021-11-16 创建 播放:40201

介绍: ཁུ་བྱུག་ལགས།
ཚིག།པདྨ།
ལེན་མཁན།ཡག་ཤུལ་ཚེ་རིང་རྡོ་རྗེ།
ཁུ་བྱུག་ལགས།ཁུ་བྱུག་ལགས།ཁུ་བྱུག་ལགས།
ཁ་སང་ཁྱེད་རང་མོན་ནས་ཆས་པས།
དྭངས་གསལ་གྱི་ཆུ་ཕྲན་གཉིད་ལས་སད།
དྭངས་གསལ་གྱི་ཆུ་ཕྲན་གཉིད་ལས་སད།
དེ་རིང་ཁྱོད་ཀྱི་དབྱངས་སྙན་ཁྲོད་ནས།
མཐའ་ཡས་པའི་སྤང་ལྗོངས་ཀུན་ལ་ཚེ་སྲོག་རྒྱས་ལོ།
ཁུ་བྱུག་སྔོན་མོའི་གསུང་སྐད་སྙན་མོ།
ནགས་དང་ལ་ལུང་བར...

介绍: ཁུ་བྱུག་ལགས།
ཚིག།པདྨ།
ལེན་མཁན།ཡག་ཤུལ་ཚེ་རིང་རྡོ་རྗེ།
ཁུ་བྱུག་ལགས།ཁུ་བྱུག་ལགས།ཁུ་བྱུག་ལགས།
ཁ་སང་ཁྱེད་རང་མོན་ནས་ཆས་པས།
དྭངས་གསལ་གྱི་ཆུ་ཕྲན་གཉིད་ལས་སད།
དྭངས་གསལ་གྱི་ཆུ་ཕྲན་གཉིད་ལས་སད།
དེ་རིང་ཁྱོད་ཀྱི་དབྱངས་སྙན་ཁྲོད་ནས།
མཐའ་ཡས་པའི་སྤང་ལྗོངས་ཀུན་ལ་ཚེ་སྲོག་རྒྱས་ལོ།
ཁུ་བྱུག་སྔོན་མོའི་གསུང་སྐད་སྙན་མོ།
ནགས་དང་ལ་ལུང་བརྒྱུད་ནས་ཐོན་བྱུང་།
དཔྱིད་དཔལ་བུ་མོའི་བཞིན་གྱི་འཛུམ་ལ།
སྣ་ཚོགས་གཏམ་གྱི་གཞོན་ཤ་ཆགས་འདུག།
ཁུ་བྱུག་མོན་ནས་འཕུར་ཡོད།
འཇོལ་མོའི་གནས་ཚུལ་རྙེད་ཡོད།
ལྷན་འཛོམས་སྐལ་བ་ཡག་ནས།
སྙན་དབྱངས་སེམས་ཀྱིས་གྱེར་བྱུང་།

ཁུ་བྱུག་ལགས།ཁུ་བྱུག་ལགས།ཁུ་བྱུག་ལགས།
ཁ་སང་ཁྱེད་རང་མོན་ནས་ཆས་པས།
དབྱར་གསུམ་གྱི་གཡུ་འབྲུག་མཁའ་ལ་བུད།
དབྱར་གསུམ་གྱི་གཡུ་འབྲུག་མཁའ་ལ་བུད།
དེ་རིང་ཟིམ་ཟིམ་སྦྲང་ཆར་ཁྲོད་ནས།
མུ་མེད་ཀྱི་འཇིག་རྟེན་འདི་ལ་རྒྱས་སྟོབས་རྒྱས་ལོ།

ཁུ་བྱུག་ལགས།ཁུ་བྱུག་ལགས།ཁུ་བྱུག་ལགས།
དམའ་བ་རླུང་དང་མཐོ་བ་རི་ལས།
མ་འོངས་པའི་ཐོ་རེངས་རེ་སྒུག་ལ།
མ་འོངས་པའི་ཐོ་རེངས་རེ་སྒུག་ལ།
ཁྱོད་ཀྱི་གཤོག་འགྱུར་ཉམས་པ་མེད་པར།
སྔར་ལས་ལྷག་པའི་ལེགས་སྐྱེས་སྐྱེལ་བར་ཤོག་ལོ།
ཁྱོད་ཀྱི་གཤོག་འགྱུར་ཉམས་པ་མེད་པར།
སྔར་ལས་ལྷག་པའི་ལེགས་སྐྱེས་སྐྱེལ་བར་ཤོག་ལོ།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息