བརྩེ་བའི་ཕ་མ། ང་ཡི་རྒྱབ་རི།

创作翻唱 藏歌精选1376 第945期 2021-11-13 创建 播放:189464

介绍: བརྩེ་བའི་ཕ་མ། ང་ཡི་རྒྱབ་རི།



ཚིག་རྩོམ་མཁན། འབྲོག་བུ་སྨོན་ལམ།

དབྱངས་རྩོམ་མཁན། ཆོས་ཀྱི་བློ་གྲོས།

ལེན་མཁན། བསོད་ནམས་དར་རྒྱས། གཡང་སྐྱིད།

སྒྲ་ལེན་ཞིབ་སྦྱོར་བ། དམེ་ཚང་ཆོས་ཉིད་རྒྱ་མཚོ།

གཞིས་ཁྱིམ་གྲུ་བཞིའི་ནང་དུ། །

བརྩེ་བའི་དྲོད་ཁོལ་གཉོར་སྟེ། །

རྒས་པས་རང་མདངས་ཡལ་བའི། །

ང་ཡི་དྲིན་ཆེན་...

介绍: བརྩེ་བའི་ཕ་མ། ང་ཡི་རྒྱབ་རི།



ཚིག་རྩོམ་མཁན། འབྲོག་བུ་སྨོན་ལམ།

དབྱངས་རྩོམ་མཁན། ཆོས་ཀྱི་བློ་གྲོས།

ལེན་མཁན། བསོད་ནམས་དར་རྒྱས། གཡང་སྐྱིད།

སྒྲ་ལེན་ཞིབ་སྦྱོར་བ། དམེ་ཚང་ཆོས་ཉིད་རྒྱ་མཚོ།

གཞིས་ཁྱིམ་གྲུ་བཞིའི་ནང་དུ། །

བརྩེ་བའི་དྲོད་ཁོལ་གཉོར་སྟེ། །

རྒས་པས་རང་མདངས་ཡལ་བའི། །

ང་ཡི་དྲིན་ཆེན་ཕ་མ། །

ལས་ལ་ཉེས་པ་བྱུང་ཡང་།།

སེམས་པ་བུ་ལ་འཁོར་བའི།།

བརྩེ་བའི་དྲིན་ཆེན་ཕ་མ། །

ང་ཡི་རྒྱབ་རི་ཁྱེད་ཡིན། །

འཚོ་བའི་མདུན་རྒྱབ་གཉིས་སུ།།

དགའ་སྐྱོ་གོམ་པས་གཞལ་ཏེ།།

རྒ་བའི་ཁུར་གྱིས་ནོན་པའི།།

ང་ཡི་དྲིན་ཆེན་ཕ་མ།།

རེ་བའི་མིག་ཟུང་དུབ་ཀྱང་།།

སེམས་པས་བུ་ཆུང་འཚོ་བའི། །

བརྩེ་བའི་དྲིན་ཆེན་ཕ་མ།།

ང་ཡི་རྒྱབ་རི་ཁྱེད་ཡིན།།

མི་ཚེའི་འཁོར་བའི་ནང་དུ། །

སྐྱིད་སྡུག་གདོང་གིས་བསུས་སྟེ།།

བགྲེས་པའི་སེམས་པ་གཉོམ་པའི།།

ང་ཡི་དྲིན་ཆེན་ཕ་མ།།

ཚེ་ཡི་དར་ཐག་ཕྲ་ཡང་།།

སེམས་པ་བུ་ལ་ཐོགས་པའི།།

བརྩེ་བའི་དྲིན་ཆེན་ཕ་མ།།

ང་ཡི་རྒྱབ་རི་ཁྱེད་ཡིན།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息