ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས།

创作翻唱 Tibet藏印 第262期 2021-11-07 创建 播放:28877

介绍: ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས།

ཚིག རྩིང་བ་དཀོན་བྷེ།
དབྱངས། བདུད་བྷེ།
ལེན་མཁན། མཁྱེན་རབ་མཐའ་ཡས།
རི་མཐོན་པོ་སྟོབས་ཀྱིས་ཕྱོགས་སུ་བྲོས། །
གནམ་སྔོན་པོའི་མུ་མཐའ་ཐང་ལ་འདྲེས། །
སྤྲིན་དཀར་པོ་ཁ་བཏགས་བཞིན་དུ་བསྐྱོད། །
ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས། །
རྟ་འདོ་བའི་བང་ཁ་ཁྱོད་ཀྱིས་འགྱེད། །
བུ་རྒོད་པོའི་སེམས་ཁམས་ཁྱོད་ཀྱིས་བསྡུད...

介绍: ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས།

ཚིག རྩིང་བ་དཀོན་བྷེ།
དབྱངས། བདུད་བྷེ།
ལེན་མཁན། མཁྱེན་རབ་མཐའ་ཡས།
རི་མཐོན་པོ་སྟོབས་ཀྱིས་ཕྱོགས་སུ་བྲོས། །
གནམ་སྔོན་པོའི་མུ་མཐའ་ཐང་ལ་འདྲེས། །
སྤྲིན་དཀར་པོ་ཁ་བཏགས་བཞིན་དུ་བསྐྱོད། །
ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས། །
རྟ་འདོ་བའི་བང་ཁ་ཁྱོད་ཀྱིས་འགྱེད། །
བུ་རྒོད་པོའི་སེམས་ཁམས་ཁྱོད་ཀྱིས་བསྡུད། །

སྤང་མེ་ཏོག་སེར་བོ་རྒྱན་དུ་བཀླུབས། །
ཆུ་རྨ་ཆུ་ལུ་མའི་སྐེ་རགས་བཅངས། །
བྱ་ཁུ་བྱུག་སྔོན་མོའི་གླུ་དབྱངས་ལེན། །
ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས། །
འབྲི་ཐུལ་མའི་ནུ་ཁ་ཁྱོད་ཀྱིས་གསོས། །
སྨན་བུ་མོའི་རེ་བ་ཁྱོད་ཀྱིས་བསྐང་། །

སྦྲ་ནག་པོའི་དུ་བ་གནམ་ལ་འཐེན། །
ཞོ་འོ་མའི་དྲི་ངད་རླུང་གིས་ལྡག །
ལུག་གཡང་དཀར་བལ་ཁ་སྤྲིན་དུ་གྱུར། །
ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས། །
ཕ་ཨ་ཁུའི་བསམ་དོན་ཁྱོད་ཀྱིས་བསྒྲུབས། །
བོད་འབྲོག་པའི་འཚོ་བ་ཁྱོད་ཀྱིས་བསྐྲུན། །

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息