介绍: བརྟན་ཞུགས།
ཚིག། འབྲོང་མུན་འཇོམས།
དབྱངས། བརྩོན་འགྲུས།
གཞས་པ།བརྩོན་འགྲུས་དང་སྲི་ཐར་སྒྲོལ་མ།
སྐྱེ་མེད་ཆོས་དབྱིངས་ཀྱི་ཕོ་བྲང་ཆེན་མོ་ནས། །
ཆོས་སྐུ་ཀུན་བཟང་ཡབ་ཡུམ་རིག་སྟོང་བྲོ་ལ་ཕེབས་ཤོག །
ཨེ་མ་དགའ་བ་ལ། ཨེ་མ་སྐྱིད་པ་ལ།
ཆོས་བྲོ་རྡོ་རྗེ་རྒྱ་མདུད་གཡས་ལ་འཁྲབ།
ཆོས་བྲོ་པད་མ་བརྩེགས་པ་གཡོན་ལ་འཁྲབ། །
ཕོ་བརྒྱ...

ཕོ་བརྒྱུད་ཐབས་ཀྱི་བྲོ་ར་བརྗིད་སེ་བརྗིད། །
མོ་བརྒྱུད་ཤེས་རབ་བྲོ་ར་ལྡེམ་སེ་ལྡེམ། །
ཨེ་མ་དགའ་བ་ལ། ཨེ་མ་སྐྱིད་པ་ལ།
གཡས་བསྐོར་དཔའ་བོའི་ཆོས་བྲོ་ཁྲིག་སེ་ཁྲིག །
གཡོན་བསྐོར་དཔའ་མོའི་ཆོས་བྲོ་ཀྱི་ལི་ལི། །
ཕོ་བརྒྱུད་རིག་འཛིན་དཔའ་བོ་སྟངས་སྟབས་བརྗིད། །
མ་བརྒྱུད་རིག་འཛིན་མཁའ་འགྲོའི་གར་སྟབས་ལྡེམ། །
རྩ་གསུམ་ལྷ་ཚོགས་དགྱེས་པའི་བྲོ་ལ་ཕེབས། །
དམ་ལྡན་རྣལ་འབྱོར་ཕོ་མོ་བྲོ་ལ་ཕེབས། །
ངེས་པ་ལྔ་ལྡན་གྱི་འོག་མིན་སྟུག་པོ་ནས། །
ལོངས་སྐུ་རྡོར་སེམས་ཡབ་ཡུམ་སྣང་སྟོང་བྲོ་ལ་ཕེབས་ཤོག །
ཨེ་མ་དགའ་བ་ལ། ཨེ་མ་སྐྱིད་པ་ལ།
ཆོས་བྲོ་རྡོ་རྗེ་རྒྱ་མདུད་གཡས་ལ་འཁྲབ།
ཆོས་བྲོ་པད་མ་བརྩེགས་པ་གཡོན་ལ་འཁྲབ། །
ཕོ་བརྒྱུད་ཐབས་ཀྱི་བྲོ་ར་བརྗིད་སེ་བརྗིད། །
མོ་བརྒྱུད་ཤེས་རབ་བྲོ་ར་ལྡེམ་སེ་ལྡེམ། །
ཨེ་མ་དགའ་བ་ལ། ཨེ་མ་སྐྱིད་པ་ལ།
གཡས་བསྐོར་དཔའ་བོའི་ཆོས་བྲོ་ཁྲིག་སེ་ཁྲིག །
གཡོན་བསྐོར་དཔའ་མོའི་ཆོས་བྲོ་ཀྱི་ལི་ལི། །
ཕོ་བརྒྱུད་རིག་འཛིན་དཔའ་བོ་སྟངས་སྟབས་བརྗིད། །
མ་བརྒྱུད་རིག་འཛིན་མཁའ་འགྲོའི་གར་སྟབས་ལྡེམ། །
རྩ་གསུམ་ལྷ་ཚོགས་དགྱེས་པའི་བྲོ་ལ་ཕེབས། །
དམ་ལྡན་རྣལ་འབྱོར་ཕོ་མོ་བྲོ་ལ་ཕེབས། །
རྔ་ཡབ་གླིང་ཕྲན་གྱི་ཟངས་མདོག་དཔལ་རི་ནས། །
སྤྲུལ་སྐུ་པད་མ་ཡབ་ཡུམ་གསལ་སྟོང་བྲོ་ལ་ཕེབས་ཤོག །
ཨེ་མ་དགའ་བ་ལ། ཨེ་མ་སྐྱིད་པ་ལ།
ཆོས་བྲོ་རྡོ་རྗེ་རྒྱ་མདུད་གཡས་ལ་འཁྲབ།
ཆོས་བྲོ་པད་མ་བརྩེགས་པ་གཡོན་ལ་འཁྲབ། །
ཕོ་བརྒྱུད་ཐབས་ཀྱི་བྲོ་ར་བརྗིད་སེ་བརྗིད། །
མོ་བརྒྱུད་ཤེས་རབ་བྲོ་ར་ལྡེམ་སེ་ལྡེམ། །
ཨེ་མ་དགའ་བ་ལ། ཨེ་མ་སྐྱིད་པ་ལ།
གཡས་བསྐོར་དཔའ་བོའི་ཆོས་བྲོ་ཁྲིག་སེ་ཁྲིག །
གཡོན་བསྐོར་དཔའ་མོའི་ཆོས་བྲོ་ཀྱི་ལི་ལི། །
ཕོ་བརྒྱུད་རིག་འཛིན་དཔའ་བོ་སྟངས་སྟབས་བརྗིད། །
མ་བརྒྱུད་རིག་འཛིན་མཁའ་འགྲོའི་གར་སྟབས་ལྡེམ། །
རྩ་གསུམ་ལྷ་ཚོགས་དགྱེས་པའི་བྲོ་ལ་ཕེབས། །
དམ་ལྡན་རྣལ་འབྱོར་ཕོ
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息