创作翻唱 སྲོལ་རྒྱུན་གྱི་དམངས་གཞས། 藏歌 第88期 2021-10-14 创建 播放:39419

介绍: སྙིང་གི་དགའ་ལོ།
ཚིག། འབྱོ་མུན་རྒོལ།
གདངས། རྒྱ་གར་དམངས་གཞས།
གཞས་མ། ཚེ་རིང་ལྷ་སྐྱིད།

ལས་སྐྱེ་བ་མཐུན་པའི་མི།།
ངའི་སྙོང་གི་དགའ་ལོ།།
ཁ་གནའ་ཚིག་རྗེད་པ་མེད་ན།།
མདང་བརྩེ་བ་མི་འགྱུར།།
ལས་སྨོན་ལམ་གཅིག་པའི་མི།།
ཚེ་གཅིག་ལ་མཉམ་དུ།།
མི་ཚེ་བར་ཆད་མེད་ན།།
སེམས་བརྩེ་བ་མི་འགྱུར།།
སེམས་བརྩེ་བ་ཟབ་པའི་མི།།
སེམས་ནང་གི་ནོར་བུ།།
འཇི...

介绍: སྙིང་གི་དགའ་ལོ།
ཚིག། འབྱོ་མུན་རྒོལ།
གདངས། རྒྱ་གར་དམངས་གཞས།
གཞས་མ། ཚེ་རིང་ལྷ་སྐྱིད།

ལས་སྐྱེ་བ་མཐུན་པའི་མི།།
ངའི་སྙོང་གི་དགའ་ལོ།།
ཁ་གནའ་ཚིག་རྗེད་པ་མེད་ན།།
མདང་བརྩེ་བ་མི་འགྱུར།།
ལས་སྨོན་ལམ་གཅིག་པའི་མི།།
ཚེ་གཅིག་ལ་མཉམ་དུ།།
མི་ཚེ་བར་ཆད་མེད་ན།།
སེམས་བརྩེ་བ་མི་འགྱུར།།
སེམས་བརྩེ་བ་ཟབ་པའི་མི།།
སེམས་ནང་གི་ནོར་བུ།།
འཇིག་རྟེན་འདི་མ་འགྱུར་ན།།
བརྩེ་བ་འདི་མ་འགྱུར།།
འུ་གཉིས་ལ་འགྱུར་བ་ཆེ་ན།།
མི་ཚེ་ཡི་སྟུག་རེད།།
བརྩེ་དུང་ལ་རིན་ཐང་མེད་ན།།
འཁོར་བ་འདི་སྡུག་རེད།།
སྙིང་དམར་པོ་གཏད་ས་ཁྱེད་རང་ཡིན།།
ང་ཡི་སེམས་ཀྱི་དགའ་ལོ།།

རྩེ་མེ་ཏོག་སྤང་ལ་མཛེས།།
ཆར་ཟིམ་ཟིམ་འབབ་ན་མཛེས།།
མཁའ་དབྱིངས་ལ་འཇའ་ཚོན་ཤར།།
འཇིག་རྟེན་གྱི་མིག་ལ་མཛེས།།
རོགས་ན་ཟླ་འགྲོ་ས་ཁྲོམ།།
སེམས་བརྩེ་བས་རྒྱན་ན་མཛེས།།
བརྩི་དུང་གི་འགུལ་རྒྱན་དམར་བོ་འདི།།
རོགས་འགུལ་དུ་སྒྲོན་ན་མཛེས།།
ངའི་ལག་གི་འགུལ་རྒྱན།།
རོགས་ཁྱེད་ཀྱི་དྲན་ཤིང་།།
ཞི་མཐུན་པའི་རི་མོ་འདི།།
ང་གཉིས་ཀྱི་སྙིང་ལ།།
མ་འགྱུར་བའི་གནའ་ཚིག་འདི།།
སྙིང་དམར་པོའི་དམ་ཚིག་ཡིན།།
སེམས་མཐུན་པའི་དགའ་ལོ་ཁྱེད་རང་ཡང་།།
ངའི་མི་ཚེའི་སྐྱ་ཡ་ཡིན།།
སྙིང་དམར་པོ་གཏད་ས་ཁྱེད་རང་ཡིན།།
ང་ཡི་སེམས་ཀྱི་དགའ་ལོ།།

རྟ་ནག་ཐིགས་ཕྲན་ནས་སྒྲིག།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息