介绍: མུ་འབྲེལ་བསྐོར་བྲོ་གསར་པ།
གཞས། ལ་ཁྲ་མོ།
ཚིག། ཀླུངས་གླིང་བུ།
གདངས། དམངས་ཁྲོད།
གཞས་པ། མགར་རྡོ་རྗེ་གྲགས་པ།
ལ་ཁྲ་མོ་མ་ཆགས་ལ་ཁྲ་མོ་ཆགས་ཡོད།།
ལ་ཁྲ་མོ་ཆགས་ས་ལུང་ཆེན་ལུང་པའི་ཕུ་རེད།།
ལ་ཁྲ་མོ་ཆགས་ས་ལུང་ཆེན་ལུང་པའི་ཕུ་རེད།།
ལུང་ཆེན་པོ་མ་ཆགས་ལུང་ཆེན་པོ་ཆགས་ཡོད།།
ལུང་ཆེན་པོ་ཆགས་ས་གངས་དཀར་རི་བོའི་འདབས་རེད།།
ལུང་ཆེན་པོ་ཆག...
介绍: མུ་འབྲེལ་བསྐོར་བྲོ་གསར་པ།
གཞས། ལ་ཁྲ་མོ།
ཚིག། ཀླུངས་གླིང་བུ།
གདངས། དམངས་ཁྲོད།
གཞས་པ། མགར་རྡོ་རྗེ་གྲགས་པ།
ལ་ཁྲ་མོ་མ་ཆགས་ལ་ཁྲ་མོ་ཆགས་ཡོད།།
ལ་ཁྲ་མོ་ཆགས་ས་ལུང་ཆེན་ལུང་པའི་ཕུ་རེད།།
ལ་ཁྲ་མོ་ཆགས་ས་ལུང་ཆེན་ལུང་པའི་ཕུ་རེད།།
ལུང་ཆེན་པོ་མ་ཆགས་ལུང་ཆེན་པོ་ཆགས་ཡོད།།
ལུང་ཆེན་པོ་ཆགས་ས་གངས་དཀར་རི་བོའི་འདབས་རེད།།
ལུང་ཆེན་པོ་ཆགས་ས་གངས་དཀར་རི་བོའི་འདབས་རེད།།
གངས་ཏི་སི་མ་ཆགས་གངས་ཏི་སི་ཆགས་ཡོད།།
གངས་ཏི་སི་ཆགས་ས་ཨ་སྔོན་ཉི་ཟླའི་བར་རེད།།
གངས་ཏི་སི་ཆགས་ས་ཨ་སྔོན་ཉི་ཟླའི་བར་རེད།།
དགུང་ཉི་ཟླ་མ་ཆགས་དགུང་ཉི་ཟླ་ཆགས་ཡོད།།
དགུང་ཉི་ཟླ་ཆགས་ཡོད་དྲིན་ཆེན་ཕ་མ་འདྲ་ཡོད།།
དགུང་ཉི་ཟླ་ཆགས་ཡོད་དྲིན་ཆེན་ཕ་མ་འདྲ་ཡོད།།
གཞས། གནས་སྐོར་བྲོ་ཆུང་།
ཚིག། དམངས་གཞས།
གདངས། དམངས་གཞས།
གཞས་མ། དཔྱིད་ཀྱི་འཇོལ་མོ།
སྟོད་ཉི་མ་ལྷ་སའི་ཕྱོགས་ནས།།
གནས་ཆེན་པོ་ཕོ་བྲང་དམར་པོ།།
གནས་འདི་ཚོ་བསྐོར་ར་ལ་བསྐོར་ན།།
དམན་ང་ཚོ་སེམས་པ་ལ་དགའ་བྱུང་།།
གཞོན་པ་ང་ཚོ་སེམས་པ་ལ་སྐྱིད་བྱུང་།།
གནས་ཆབ་མདོ་ནོར་བུའི་ས་ལ།།
གནས་ཆེན་པོ་ཆབ་དགོན་བྱམས་གླིང་།།
གནས་འདི་ཚོ་བསྐོར་ར་ལ་བསྐོར་ན།།
དམན་ང་ཚོ་སེམས་པ་ལ་དགའ་བྱུང་།།
གཞོན་པ་ང་ཚོ་སེམས་པ་ལ་སྐྱིད་བྱུང་།།
གཞས། བྲོ་མཆོད།
ཚིག། དམངས་གཞས།
གདངས། དམངས་གཞས།
གཞས་མ། ཚེ་ལྷ།
བྲོ་ར་ཕྲ་མོའི་སྟོད་ལ།།
བླ་མ་བཟང་པོ་བཞུགས་ཡོད།།
བྲོ་བ་ལོ་ཆུང་རྣམས་པ་རྡོག་བྲོ་འགྲིག་པོ་རྒྱོབས་ཤོག་ལོ།།
བྲོ་ཡི་མཆོད་པ་འབུལ་འགྲོ།
བྲོ་ར་ཕྲ་མོའི་བར་ལ།།
ཕ་ཁུ་རྣམས་པ་བཞུགས་ཡོད་ལོ།།
བྲོ་བ་ལོ་ཆུང་རྣམས་པ་རྡོག་བྲོ་འགྲིག་པོ་རྒྱོབས་ཤོག་ལོ།།
བྲོ་ཡི་མཆོད་པ་འབུལ་འགྲོ།
བྲོ་ར་ཕྲ་མོའི་སྨད་ལ།།
མིང་སྲིང་རྣམས་པ་བཞུགས་ཡོད།།
བྲོ་བ་ལོ་ཆུང་རྣམས་པ་རྡོག་བྲོ་འགྲིག་པོ་རྒྱོབས་ཤོག་ལོ།།
བྲོ་ཡི་མཆོད་པ་འབུལ་འགྲོ།
གཞས། རི་རྦབ་ཆེན་རྦབ་ཆུང་།
ཚིག། དམངས་གཞས།
གདངས། མགར་རྡོ་རྗེ་གྲགས་པ།
གཞས་པ། མགར་རྡོ་རྗེ་གྲགས་པ།
རི་ལ་རྦབ་ཆེན་རྦབ་ཆུང་རྦབ་འབྲིང་གསུམ།།
རི་ལ་རྦབ་ཆེན་མགོ་ནས་མེ་ཏོག་འཁྲུངས།།
དགུན་ལ་ཟླ་གསུམ་མེ་ཏོག་མ་འཁྲུངས་ཏེ།།
ལྷ་བླ་མ་མེ་ཏོག་འཁྲུངས་འཁྲུངས་རེད།།
རི་ལ་རྦབ་ཆེན་རྦབ་ཆུང་རྦབ་འབྲིང་གསུམ།།
རི་ལ་རྦབ་ཆུང་མགོ་ནས་གཡུ་འབྲུག་གྲགས།།
དགུན་ལ་ཟླ་གསུམ་གཡུ་འབྲུག་མི་གྲགས་ཏེ།།
གསུང་ཆོས་སྒྲ་གཡུ་འབྲུག་གྲགས་གྲགས་རེད།།
གཞས། འཛོམས་བྲོ།
ཚིག། དམངས་གཞས།
གདངས། དམངས་གཞས།
གཞས་མ། དཔྱིད་ཀྱི་འཇོལ་མོ།
རྫ་ཡར་ཟླས་མར་ཟླས་བར་ཟླས་གསུམ།།
རྫ་ཡར་ཟླས་འགོ་ལ་ཤྭ་ཕོ་འཛོམས།།
ཤྭ་ཕོ་ཆེན་རྭ་ཅོ་ཧྲུག་སེ་འཛོམས།།
ལྷ་བླ་མ་འཛོམས་དང་ཁྱད་པར་མེད།།
རྫ་ཡར་ཟླས་མར་ཟླས་བར་ཟླས་གསུམ།།
རྫ་བར་ཟླས་འགོ་ལ་ཡུ་མོ་འཛོམས།།
ཤྭ་ཡུ་མོ་རྣ་ཅོ་ཧྲུག་སེ་འཛོམས།།
ཕ་ཨ་ཁུ་འཛོམས་དང་ཁྱད་པར་མེད།།
གཞས། བུ་མོ་ང་ཡི་ཕ་ཡུལ།
ཚིག། དམངས་གཞས།
གདངས། དམངས་གཞས།
གཞས་མ། ཚེ་ལྷ།
བུ་མོ་ང་ཡི་ཕ་ཡུལ།།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
ཆབ་མདོ་ནོར་བུའི་ས་རེད།།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
ཆབ་མདོ་ཞལ་སྔ་ཡབ་སྲས།།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
བྲོ་ཡི་མཆོད་པ་འབུལ་འགྲོ།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
བུ་མོ་ང་ཡི་ཕ་ཡུལ།།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
ཆབ་མདོ་ནོར་བུའི་ས་རེད།།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
ཆབ་དགོན་བྱམས་པ་གླིང་ལ།།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
བྲོ་ཡི་མཆོད་པ་འབུལ་འགྲོ།
མཛེས་མོ་ཡག་བྱུང་ལོ།།
མེ་ཏོག་འཁྲུངས་བྱུང་ལོ།།
རྟ་ནག་ཐིགས་ཕྲན་ནས་སྒྲིག།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息