ཁ་བཏགས་སྟེང་གི་རི་མོ།

创作翻唱 Tibet藏印 第258期 2021-10-07 创建 播放:32645

介绍: ཁ་བཏགས་སྟེང་གི་རི་མོ།
གངས་དཔལ་གྱིས་ཚིག་བརྩམས།
ཚངས་སྲས་གཞོན་ནུས་དབྱངས་བརྩམས།
ཚེ་བྷས་གཞས་བླངས།

མཐུ་ལྡན་ཝེར་མ་རྒྱལ་པོ་གོ་ཆེན་སོགས།།
གཡེར་ཆེན་མཚོ་ལ་ཀླུ་ཚོགས་བྱོན་འདྲ་བའི།།
རྨ་ཡི་སྲས་མོའི་འགྲམ་གྱི་ལུང་པ་འདི། །
ས་ལ་དགེ་བཅུའི་དཔལ་བེའུ་རང་བྱོན་ཅན། །
འབའ་ཆུ་སྔོན་མོ་འཐུང་བའི་རྫོང་རུ་བས།།
ལོ་རྒྱུས་གཟི་ཡི་ཕྲེང་བ་འ...

介绍: ཁ་བཏགས་སྟེང་གི་རི་མོ།
གངས་དཔལ་གྱིས་ཚིག་བརྩམས།
ཚངས་སྲས་གཞོན་ནུས་དབྱངས་བརྩམས།
ཚེ་བྷས་གཞས་བླངས།

མཐུ་ལྡན་ཝེར་མ་རྒྱལ་པོ་གོ་ཆེན་སོགས།།
གཡེར་ཆེན་མཚོ་ལ་ཀླུ་ཚོགས་བྱོན་འདྲ་བའི།།
རྨ་ཡི་སྲས་མོའི་འགྲམ་གྱི་ལུང་པ་འདི། །
ས་ལ་དགེ་བཅུའི་དཔལ་བེའུ་རང་བྱོན་ཅན། །
འབའ་ཆུ་སྔོན་མོ་འཐུང་བའི་རྫོང་རུ་བས།།
ལོ་རྒྱུས་གཟི་ཡི་ཕྲེང་བ་འབྲི་ས་ཡིན།།

གཡང་ས་ཞལ་དཀར་འབའ་ཡུལ་རྩྭ་ཐང་ན།།
འདོ་རིག་རྟ་ལ་བང་ཆེན་ཡེར་མོ་ཡོད།།
གཡང་དཀར་ལུག་ལ་བལ་དཀར་ཁ་ཆུ་འཇོ།།
རོག་མོ་འབྲི་ལ་འོ་མའི་རྒྱ་མཚོ་ཡོད།།
ལྷ་ཡི་ལྕམ་མོས་ལུག་ཁྱུ་འཚོ་ས་སྟེ།།
རི་དང་ཆུ་ལ་གཏམ་རྒྱུད་རང་བྱོན་ཡིན།།

བསྐལ་བ་ས་ལ་ཆགས་པའི་ཐོག་མ་ནས།།
མེས་པོ་མཐོན་པོའི་སྒང་ནས་འཚར་བ་ཡིན། །
ང་ཡི་ལྟེ་ཁྲག་ས་རུ་འཐོར་བ་ནས།།
ས་འདི་དུང་གི་རུས་པ་བསྟིམས་ས་ཡིན།།
སྨོན་ལམ་དཀར་བའི་ཤོག་ཁ་གཅིག་པའི་ཡུལ ། །
རིགས་དྲུག་སྐྱེ་འགྲོར་འཚེ་མེད་བཀྲ་ཤིས་ཤོག།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息