《 རི་ཆུ་ཞལ་འཛོམས།》

创作翻唱 Tibet藏印 第234期 2021-08-05 创建 播放:36950

介绍: རི་ཆུ་ཞལ་འཛོམས།

♫. ♪~♬..♩

ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།

དབྱངས། འབའ་ཐང་ཚེ་རིང་དོན་གྲུབ།

ལེན་མཁན། འཕྲིན་ལས་འཚོ།

རོལ་མོ། བློ་གསལ།

བརྡ་ཁྱབ་ཇུས་འགོད། བསོད་ནམས་བསྟན་དགའ།

↓ ↓ ↓ ↓ ↓

རི་བོ་མཐོན་པོ་ཞིག་ལ།

དར་ལྕོག་ཁ་གང་འཐེན་ཡོད།

རི་བོ་མཐོན་པོ་ཞིག་ལ།

ལྷ་བསང་སྔོན་མོ་བཏང་ཡོད།

རླུང་རྟའི་རྒྱལ་མཚན་...

介绍: རི་ཆུ་ཞལ་འཛོམས།

♫. ♪~♬..♩

ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།

དབྱངས། འབའ་ཐང་ཚེ་རིང་དོན་གྲུབ།

ལེན་མཁན། འཕྲིན་ལས་འཚོ།

རོལ་མོ། བློ་གསལ།

བརྡ་ཁྱབ་ཇུས་འགོད། བསོད་ནམས་བསྟན་དགའ།

↓ ↓ ↓ ↓ ↓

རི་བོ་མཐོན་པོ་ཞིག་ལ།

དར་ལྕོག་ཁ་གང་འཐེན་ཡོད།

རི་བོ་མཐོན་པོ་ཞིག་ལ།

ལྷ་བསང་སྔོན་མོ་བཏང་ཡོད།

རླུང་རྟའི་རྒྱལ་མཚན་བསྒྲེངས་ནས།

བསམ་དོན་རི་མོ་འགྲུབ་ཡོད།

སོ་ཡ་རེ་ལོ་་་་་་་སོ་ཡ་རེ་ལོ།

རི་ལ་རི་བོ་མཐོན་པོ།

སྒང་བ་བོད་པའི་རི་རེད།

རི་ལ་རི་བོ་མཐོན་པོ།

སྒང་བ་བོད་པའི་རི་རེད།

ཆུ་བོ་དྭངས་མོ་ཞིག་ལ།

དད་པའི་མཆོད་གསུམ་བྱས་ཡོད།

ཆུ་བོ་གཙང་མོ་ཞིག་ལ།

དགའ་བའི་ཧུབ་གང་འཐུང་ཡོད།

མཆོག་གསུམ་ལྷ་ལ་ཕུལ་ནས།

སྨོན་ལམ་ཡག་པོ་བརྒྱབ་ཡོད།

སོ་ཡ་རེ་ལོ་་་་་སོ་ཡ་རེ་ལོ།

ཆུ་ལ་ཆུ་བོ་དྭངས་མོ།

ཁ་བ་ཅན་གྱི་ཆུ་བོ།

ཆུ་ལ་ཆུ་བོ་ཞིམ་པོ།

ཁ་བ་བོད་པའི་ཆུ་རེད།

རིགས་རྒྱུད་བཟང་པོ་ཞིག་ལ།

མི་རྒྱུད་ཡག་པོ་འཁྲུངས་ཡོད།

ལས་དང་རྒྱུ་འབྲས་བརྩིས་ཏེ།

ཡ་རབས་སྤྱོད་བཟང་ཡོད་དགོས།

ཆོལ་གསུམ་ཕུ་ནུ་ཡོངས་ལ།

སྐྱབས་འབོད་ཡག་པོ་ཞུས་ཡོད།

སོ་ཡ་རེ་ལོ་་སོ་ཡ་རེ་ལོ།

མི་ལ་མི་རྒྱུད་བཟང་པོ།

ཁ་བ་ཅན་གྱི་མི་བུ་རེད།

རིགས་ལ་རིགས་རྒྱུད་བཟང་པོ།

ཁ་བ་བོད་པའི་བུ་རེད།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息