2021།班措最新歌曲「父母的恩」

创作翻唱 多尔桑歌舞电台 第184期 2021-07-18 创建 播放:18293

介绍: ཕ་མའི་དྲིན་གཟོའི་དུས་ཆེན་བསུ།

♫. ♪~♬..♩

གཞས་ཚིག ཨ་གླག་རྒོད།

དབྱངས། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། པད་མཚོ།

རོལ་མོ། ཤེར་བྷ།

སྒྲ་ལེན་པ། རི་ལུང་ཐར།

བརྡ་ཁྱབ་ཇུས་འགོད། བསོད་ནམས་བསྟན་དགའ།

↓ ↓ ↓ ↓ ↓

ལྷ་ཡི་ལྷ་མཆོག་ཤཱཀྱའི་དྲང་སྲོང་གང་། །

མ་ཡི་ལྷུམས་ཞུགས་སླར་ཡང་ལྷ་ཡུལ་དུ། །

དྲིན་ལན་འཇལ་བར་ཕ...

介绍: ཕ་མའི་དྲིན་གཟོའི་དུས་ཆེན་བསུ།

♫. ♪~♬..♩

གཞས་ཚིག ཨ་གླག་རྒོད།

དབྱངས། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། པད་མཚོ།

རོལ་མོ། ཤེར་བྷ།

སྒྲ་ལེན་པ། རི་ལུང་ཐར།

བརྡ་ཁྱབ་ཇུས་འགོད། བསོད་ནམས་བསྟན་དགའ།

↓ ↓ ↓ ↓ ↓

ལྷ་ཡི་ལྷ་མཆོག་ཤཱཀྱའི་དྲང་སྲོང་གང་། །

མ་ཡི་ལྷུམས་ཞུགས་སླར་ཡང་ལྷ་ཡུལ་དུ། །

དྲིན་ལན་འཇལ་བར་ཕེབས་པའི་ཆུ་སྟོད་ཟླའི། །

དྲུག་པའི་བཅོ་ལྔར་ཕ་མའི་དུས་ཆེན་བསུ། །

ཤ་ལས་ཆད་ཀྱང་སྙིང་ལས་དམར་བ་དང་། །

གོས་ཀྱི་མཆོག་བསྐོན་ཟས་ཀྱི་ཕུད་བྱིན་ཞིང་། །

བརྩེ་བའི་ངག་གིས་ལེགས་ལམ་སྟོན་མཛད་པའི། །

དྲིན་ལན་གཞལ་མེད་ཕ་མའི་དུས་ཆེན་བསུ། །

སྲོག་སྦྱིན་ལུས་བསྐྱེད་མ་འོང་མདུན་ལམ་གནང་། །

ཚེ་འདིའི་དྲིན་དང་བྱམས་བརྩེའི་བདག་པོ་སྟེ། །

དཀོན་མཆོག་གསུམ་དངོས་ལྷ་ཡི་ལྷར་གྱུར་བའི། །

ལས་ཀྱི་ལྷ་སྐལ་ཕ་མའི་དུས་ཆེན་བསུ། །

དྲིན་ཤེས་དྲིན་དྲན་དྲིན་གཟོའི་སྲི་ཞུ་ཡིས། །

ལོ་བརྒྱར་བསྙེན་ཡང་དྲིན་ལན་འཇལ་དཀའ་བའི། །

ལན་ལ་རེ་བ་མེད་པའི་རླབས་ཆེན་ཟུང་། །

བྱང་སེམས་གསོན་པོ་ཕ་མའི་དུས་ཆེན་བསུ། །

དྲང་བའི་ལུས་སྒུར་མཛེས་པའི་གདོང་གཉེར་ཞིང་། །

སུམ་ཅུའི་སོ་འཐོར་ཁྲ་ཆུང་མཐོང་ནུས་ཉམས། །

གནག་སྣུམ་སྐྲ་ལོ་ཁ་བའི་མདོག་འགྱུར་བའི། །

བགྲེས་སོང་ཕ་མའི་དུས་ཆེན་དེ་རིང་བསུ། །

ཆོས་འཁོར་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན། །

མི་རིགས་ཆོས་ལུགས་རྒྱལ་མཚམས་མི་ཕྱེ་བར། །

ན་ཚོད་མཐོ་བའི་སྔོན་བྱོན་རྒན་རབས་དག །

དྲིན་གཟོའི་དུས་ཆེན་ཉིན་འདིར་སྤྲོ་བར་ཤོག །

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息