2021秋登最新单曲《悲喜交加》

创作翻唱 多尔桑歌舞电台 第174期 2021-06-24 创建 播放:14190

介绍: འཛུམ་དང་མཆི་མ་གཉིས་རེད།

གཞས་དབྱངས། བློ་གསལ།

གཞས་ཚིག བེ་དུང་།

གཞས་པ། ཆོས་མཐུན།

དབྱར་གསུམ་སྤང་གི་མེ་ཏོག།

བུ་མོ་འཛུམ་གྱིས་བགད་འདྲ།།

འདང་བརྩེ་གསེར་གྱི་ཟེའུ་འབྲུ།།

ལེན་པའི་སྐལ་བ་ཡག་ཡག།

དགུན་གྱི་དཀྱིལ་ན་ལུས་བའི།།

གངས་ཁྲོད་རྒྱ་སེ་མེ་ཏོག།

ཡིད་སེམས་འཁྱུད་པའི་ནངགི།

སྨོན་ལམ་འགྲུབ་པ་ཙམ་རེད།།

དབྱ...

介绍: འཛུམ་དང་མཆི་མ་གཉིས་རེད།

གཞས་དབྱངས། བློ་གསལ།

གཞས་ཚིག བེ་དུང་།

གཞས་པ། ཆོས་མཐུན།

དབྱར་གསུམ་སྤང་གི་མེ་ཏོག།

བུ་མོ་འཛུམ་གྱིས་བགད་འདྲ།།

འདང་བརྩེ་གསེར་གྱི་ཟེའུ་འབྲུ།།

ལེན་པའི་སྐལ་བ་ཡག་ཡག།

དགུན་གྱི་དཀྱིལ་ན་ལུས་བའི།།

གངས་ཁྲོད་རྒྱ་སེ་མེ་ཏོག།

ཡིད་སེམས་འཁྱུད་པའི་ནངགི།

སྨོན་ལམ་འགྲུབ་པ་ཙམ་རེད།།

དབྱར་དང་དགུན་གྱི་མེ་ཏོག།

ཡིད་ཀྱི་སྨོན་སྟངས་གཅིག་ཅིང་།།

འཛོམས་དང་མ་འཛོམས་བར་ནས།།

འཛུམ་དང་མཆི་མ་གཉིས་རེད།།

དཔྱིད་གསུམ་ལྗོན་པའི་ལོ་འདབ།།

སྙིང་སྡུག་སྐྲ་ལོ་ཤུད་འདྲ།།

དུངས་སེམས་ལྕང་མགོ་བྱེད་ཆོག།

ཡིད་ལ་ལོག་སྟངས་ཡག་ཡག།

སྟོན་ཟླ་བརྒྱད་ནང་གི།།

ལྷ་བྱ་ཁྲུང་ཁྲུང་དཀར་མོ།།

ལྷོ་མཐའི་གཙང་བོའི་ཁ་ནས།།

སྨོན་ལམ་འགྲིག་པ་ཙམ་རེད།།

ནམ་ཟླ་དཀར་བའི་བྱ་ཁྱུ།།

ཡིད་ཀྱི་འཕུར་ཕྱོགས་གཅིག་ཅིང་།།

འཛོམས་དང་མ་འཛོམས་བར་ནས།།

འཛུམ་དང་མཆི་མ་གཉིས་རེད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息