创作翻唱 三智才让网易平台部落 第15期 2021-06-19 创建 播放:33229

介绍: ཉི་ཟླའི་དཀྱིལ་འཁོར།

日月同辉

ཚིག་རྩོམ་མཁན།   སྨྲ།
གདངས།ཚེ་རིང་དོན་འགྲུབ།
ལེན་མཁན།མགར་བསམ་འགྲུབ་ཚེ་རིང་།

词:蟇    

曲:才让东珠  

 演唱:三智才让

1.
སུ་ཡི་ནང་གི་མིག་ཆུ་ངའི་སྙི་ས་རུ་ཐིམ་སོང་།
གང་གི་ཁོག་གི་སྐྱོ་གླུ་ངའི་ཟབ་ས་ནས་གྲག་བྱུང་།
ཁྱོད་ཀྱི་སྲུང་འཛིན་སྒེར་དབང་གི་བསམ་བློས།
འདབ་ཆགས་དཔུང་སྡང་འཐོར་སོང་།...

介绍: ཉི་ཟླའི་དཀྱིལ་འཁོར།

日月同辉

ཚིག་རྩོམ་མཁན།   སྨྲ།
གདངས།ཚེ་རིང་དོན་འགྲུབ།
ལེན་མཁན།མགར་བསམ་འགྲུབ་ཚེ་རིང་།

词:蟇    

曲:才让东珠  

 演唱:三智才让

1.
སུ་ཡི་ནང་གི་མིག་ཆུ་ངའི་སྙི་ས་རུ་ཐིམ་སོང་།
གང་གི་ཁོག་གི་སྐྱོ་གླུ་ངའི་ཟབ་ས་ནས་གྲག་བྱུང་།
ཁྱོད་ཀྱི་སྲུང་འཛིན་སྒེར་དབང་གི་བསམ་བློས།
འདབ་ཆགས་དཔུང་སྡང་འཐོར་སོང་།
གཤོག་སྣེ་རྡུལ་གྱིས་གཙེས་བྱུང་།
ཨ།    ས་གཞིའི་རང་དབང་།
ཨ།    རི་ཆུའི་རང་སྒྲ།
འདང་རྒྱག་གཞན་ཞིག་ག་ལེར་ག་ལེར་སླེབས་དུས།
ཁྱོད་ནི་སུའི་རྟེན་འབྱུང་ཁྲོད་འབྲལ་ཐབས་མེད་པའི་མཚར་ལོངས་ཀྱི་སྐྱོར་མ་ཡིན།
ཨོ།     གོ་ལའི་ལང་ཚོ།
ཨོ།     མེ་ལོང་སྔོན་པོ།
ང་ཡི་ཡུམ་དང་འདྲ་བའི།
ཡུམ་གྱི་སྲོག་ལ་བརྒྱུས་པའི་སེམས་ཀྱི་ས་སྒང་སྲུང་ན་འདོད།

2.
སུ་ཞིག་ཕམ་པའི་རྨི་ལམ་ངའི་མིག་ལམ་དུ་ཤར་ཡོང་།
གང་ཞིག་ཚར་བའི་རྫོགས་ཚིག་ངའི་བྲང་ཁ་རུ་སྙེས་བྱུང་།
ཁྱོད་ཀྱི་སྤྱི་ལྡོག་གཏོར་བཤིག་གི་བསམ་བློས།
གཙང་བོའི་མགྲིན་སྒོ་བཀག་བྱུང་།
དཔྱིད་ཀའི་ལྗང་ཐིག་བོར་སོང་།
ཨ།  ཆུ་ཡི་ཚེ་སྲོག
ཨ།   རླུང་གི་རྒྱང་གླུ།
ཆག་འཇིག་གཞན་ཞིག་ཝ་ལེར་ཝ་ལེར་དྲན་དུས།
ཁྱོད་ནི་སུའི་མཐར་ཐུག་གི་ས་བོན་འདེབས་སའི་རིག་གནས་ཀྱི་མངའ་ཐང་ཡིན།
ཨོ།    མིག་ཆུའི་ཅ་ནེ།
ཨོ།   སྲོག་གི་ཟམ་པ།
ང་ཡི་ཟུངས་ཁྲག་ལྟ་བུའི།
ཁྲག་རྩའི་རྒྱུན་ལ་འདྲེས་པའི་གཙང་བོའི་རྣམ་ཤེས་སྲུང་ན་འདོད།

མཚོ་སྔོན་དབྱངས་སྲས་རིག་གནས་སྨྱན་སྦྱོར་ལས་ཤག་ཁང་།。
青海音之子有限责任工作室

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息