《མཐུད་ལེན》

创作翻唱 Tibet藏印 第220期 2021-06-14 创建 播放:31481

介绍: ཁ་བའི་མེ་ཏོག

ཚིག ཚེ་རིང་ཆོས་འགྲུབ།

རབ་དཀར་ཁ་བས་གཡོག་པའི ། །
ཨེ་མ་ཉམས་དགའི་ཡུལ་ལྗོངས ། །
མཛེས་ལྡན་ཁ་བ་ཅན་འདི ། །
ང་ཡི་ཕ་ཡུལ་ཡིན་འདུག །

སྙན་པའི་གླུ་དབྱངས་ངས་ལེན ། །
དགའ་བའི་སེམས་ཀྱི་ཁྱོས་ཉོན ། །
མཛའ་བརྩེའི་ཕྱི་ཐག་རིང་བའི ། །
བཀྲ་ཤིས་ལྷ་དར་འདི་ཡིན ། །

ཁུ་བྱུག་ལགས།

ཚིག པདྨ།

ཁུ་བྱུག་ལགས །
ཁ་སང་ཁྱེད་རང་མོན...

介绍: ཁ་བའི་མེ་ཏོག

ཚིག ཚེ་རིང་ཆོས་འགྲུབ།

རབ་དཀར་ཁ་བས་གཡོག་པའི ། །
ཨེ་མ་ཉམས་དགའི་ཡུལ་ལྗོངས ། །
མཛེས་ལྡན་ཁ་བ་ཅན་འདི ། །
ང་ཡི་ཕ་ཡུལ་ཡིན་འདུག །

སྙན་པའི་གླུ་དབྱངས་ངས་ལེན ། །
དགའ་བའི་སེམས་ཀྱི་ཁྱོས་ཉོན ། །
མཛའ་བརྩེའི་ཕྱི་ཐག་རིང་བའི ། །
བཀྲ་ཤིས་ལྷ་དར་འདི་ཡིན ། །

ཁུ་བྱུག་ལགས།

ཚིག པདྨ།

ཁུ་བྱུག་ལགས །
ཁ་སང་ཁྱེད་རང་མོན་ནས་ཆས་པས །
དྭངས་གསལ་གྱི་ཆུ་ཕྲན་གཉིད་ལས་སད །
དེ་རིང་ཁྱོད་ཀྱི་དབྱངས་སྙན་ཁྲོད་ནས །
མཐའ་ཡས་པའི་སྤང་ལྗོངས་ཀུན་ལ་ཚེ་སྲོག་རྒྱས་ལོ །

ཁུ་བྱུག་ལགས །
ཁ་སང་ཁྱེད་རང་མོན་ནས་ཆས་པས །
དབྱར་གསུམ་གྱི་གཡུ་འབྲུག་མཁའ་ལ་བུད །
དེ་རིང་ཟིམ་ཟིམ་སྦྲང་ཆར་ཁྲོད་ནས །
མུ་མེད་ཀྱི་འཇིག་རྟེན་འདི་ལ་སྐྱེ་སྟོབས་རྒྱས་ལོ །

བརྩེ་ལྡན་གྱི་གངས་ཕྲུག།

ཚིག སྨན་བླ་སྐྱབས།

སྟོད་ན་ནགས་རི་ཕྱུག་མོ ། །
ནགས་ལ་སིལ་ཏོག་སྨིན་ས ། །
ལྗོན་ཤིང་གཡུ་ལོའི་གསེབ་ནས ། །
ཁུ་བྱུག་གསུང་དབྱངས་སྒྲོགས་སོང་ ། །

བར་ན་རྫ་རི་སྨུག་པོ ། །
རྫ་སྐེད་སྨུག་པས་བཀྲིས་ས ། །
རྫ་ཆུ་དྭངས་མོའི་འགྲམ་ནས ། །
ཤྭ་དང་ཡི་མོ་འདྲེས་སོང་ ། །

རྨ་ཆུའི་སྤུན་ཟླའི་ཕྲག་རྡང་།

ཚིག སྤྲོས་པ།

འགྲོ་འགྲོ་ཡར་ལ་འགྲོ་ཡ་ང་ཡི་སྤུན་ཟླ ། །
རྒྱུད་དྲུག་སྒྲ་ཡི་ཕ་ས ། །
ཕ་ཡུལ་མེ་ཏོག་དཀར་པོའི་ར་བ་ན ། །
གསེར་གྱི་སྦྲང་མ་དང་ལྷན་དུ ། །
སྙན་འཇེབས་རོལ་དབྱངས་ལ་ཆས་འགྲོ ། །

འགྲོ་འགྲོ་ཡར་ལ་འགྲོ་ཡ་ང་ཡི་སྤུན་ཟླ ། །
དཔའ་མཛངས་འཛོམས་པའི་སྤུན་ཟླ ། །
བཅུ་ཕྲག་རིག་པའི་གནས་ལ་སྦྱངས་བཞིན ། །
སྔོན་ཐོན་མི་རིགས་ཀྱི་གྲལ་དུ ། །
ཕྲག་རྡང་མཉམ་གཤིབ་ཀྱིས་ཆས་འགྲོ ། །

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息