2021罗萨&求知最新歌曲《臧家牛粪》

创作翻唱 多尔桑歌舞电台 第134期 2021-03-31 创建 播放:760328

介绍: ངེད་བོད་པའི་ལྕི་བ།

臧家牛粪

གཞས་ཚིག བློ་བཟང་རིན་ཆེན།

作词/洛桑仁青

གཞས་གདངས། བློ་གསལ།

作曲/罗萨

ལེན་མཁན། བློ་གསལ། ཆོས་འགྲུབ།

演唱/罗萨 求知



སྒང་རི་སྒང་གི་སྒང་ཁ་ནས།

བསང་མཆོད་པའི་དུ་སྤྲིན་ལིང་སེ་ལིངས།

སྦྲ་ཆེན་སྦྲ་ཡི་སྦྲ་སྟེང་ནས།

དུ་སྔོན་མོའི་འཇའ་རིས་འཁྲིག་སེ་འཁྲིགས།

ཨཱ—ལྕི་བ། ཨཱ—ངེད་བོད་པའི་ལྕ...

介绍: ངེད་བོད་པའི་ལྕི་བ།

臧家牛粪

གཞས་ཚིག བློ་བཟང་རིན་ཆེན།

作词/洛桑仁青

གཞས་གདངས། བློ་གསལ།

作曲/罗萨

ལེན་མཁན། བློ་གསལ། ཆོས་འགྲུབ།

演唱/罗萨 求知



སྒང་རི་སྒང་གི་སྒང་ཁ་ནས།

བསང་མཆོད་པའི་དུ་སྤྲིན་ལིང་སེ་ལིངས།

སྦྲ་ཆེན་སྦྲ་ཡི་སྦྲ་སྟེང་ནས།

དུ་སྔོན་མོའི་འཇའ་རིས་འཁྲིག་སེ་འཁྲིགས།

ཨཱ—ལྕི་བ། ཨཱ—ངེད་བོད་པའི་ལྕི་བ།

ལྷ་ལ་མཆོད་པའི་བསང་གི་རྫས།

རྟེན་འབྲེལ་ཡག་པའི་གྲོག་གི་རྒྱུ།

བཟང་དྲུག་སྨན་གྱི་དྲི་ཞིབ་ཁྱབ།

ཡར་ཐབ་ཇ་ཐབ་ཁྲ་མོ་ལ།

ཇ་ཁོལ་མའི་རླངས་པ་འཐིབ་སེ་འཐིབས།

མར་ཐབ་ཤ་ཐབ་ཁྲ་མོ་ལ།

ཤ་ཚོས་མའི་རླངས་པ་ལྷོག་སེ་ལྷོགས།

ཨཱ—ལྕི་བ། ཨཱ—ངེད་བོད་པའི་ལྕི་བ།

ཁྱད་ཆོས་གཞན་དང་མི་འདྲ་བ།

འབར་བ་སླ་ལ་འབར་ཤེད་ཆེ།

རང་གཤིས་གཙང་ལ་ཕན་ཡོན་ཆེ།

རྩིབས་ཆེན་སྦྲ་ཡི་ནང་རོལ་དུ།

བཅུད་འཛོམས་པའི་ཟས་སྣ་སྤུང་སེ་སྤུངས།

འབྲོག་པའི་ན་ཆུང་རྒས་གཞོན་ཚོ།

སྐྱིད་འཕེལ་བའི་དགོད་སྒྲ་ལྷང་སེ་ལྷངས།

ཨཱ—ལྕི་བ། ཨཱ—ངེད་བོད་པའི་ལྕི་བ།

འཚོ་ཐབས་དཀའ་བའི་འབྲོག་ཐང་དུ།

ཚེ་སྲོག་ཆགས་པའི་འཇིག་རྟེན་བསྐྲུན།

གངས་ཅན་བོད་ལ་བཀའ་དྲིན་ཆེ།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息