《ལམ་དཀར་པོ》

创作翻唱 Tibet藏印 第180期 2021-03-08 创建 播放:27596

介绍: ༄༅།།ལམ་དཀར་པོ།

ཚིག གཟའ་དུག
དབྱངས། རང་བྱུང་རྡོ་རྗེ།
ལེན་མཁན། རང་བྱུང་རྡོ་རྗེ།

ལམ་དཀར་པོ།
སྟོད་དབུས་ལམ་ཕྱག་གིས་གཞལ་དུས།
ཁྱོད་ནི་དྭངས་གཙང་གི་སྨོན་འདུན་ཡིན།
དཀའ་སྡུག་རྔུལ་ཆུས་བྲང་ཁོག་སྦང་ཡང་།
སེམས་ཀྱི་ཤོག་དཀར་གྲུ་བཞིར་དད་པས་རི་མོ་བྲིས་ཡོད།
ཨོ། ལམ་དཀར་པོ།
བོད་ཁ་བའི་ཁ་གཡང་དཀར་པོ།
ཕ་བཟང་བོའི་དམ་ཚིག་དཀར་པོ།
དྲ...

介绍: ༄༅།།ལམ་དཀར་པོ།

ཚིག གཟའ་དུག
དབྱངས། རང་བྱུང་རྡོ་རྗེ།
ལེན་མཁན། རང་བྱུང་རྡོ་རྗེ།

ལམ་དཀར་པོ།
སྟོད་དབུས་ལམ་ཕྱག་གིས་གཞལ་དུས།
ཁྱོད་ནི་དྭངས་གཙང་གི་སྨོན་འདུན་ཡིན།
དཀའ་སྡུག་རྔུལ་ཆུས་བྲང་ཁོག་སྦང་ཡང་།
སེམས་ཀྱི་ཤོག་དཀར་གྲུ་བཞིར་དད་པས་རི་མོ་བྲིས་ཡོད།
ཨོ། ལམ་དཀར་པོ།
བོད་ཁ་བའི་ཁ་གཡང་དཀར་པོ།
ཕ་བཟང་བོའི་དམ་ཚིག་དཀར་པོ།
དྲིན་ཨ་མའི་བསམ་པ་དཀར་པོ།
ངའི་ཕ་མེས་ཚོའི་བཞུད་ལམ་དཀར་པོ།

ལམ་དཀར་པོ།
སྨན་བུ་མོ་གནས་ལ་འགྲོ་དུས།
ཁྱོད་ནི་བཀྲ་ཤིས་པའི་རི་མོ་ཡིན།
བྱམས་ལྡན་ཨ་མའི་ལང་ཚོ་རྒས་ཀྱང་།
སྐྱིད་པའི་གཡང་ཁྱིམ་སྨུག་པོར་རེ་བའི་འཛུམ་མདངས་བསྐྲུན་ཡོད།
ཨོ། ལམ་དཀར་པོ།
བོད་ཁ་བའི་ཁ་གཡང་དཀར་པོ།
ཕ་བཟང་བོའི་དམ་ཚིག་དཀར་པོ།
དྲིན་ཨ་མའི་བསམ་པ་དཀར་པོ།
ངའི་ཕ་མེས་ཚོའི་བཞུད་ལམ་དཀར་པོ།

ལམ་དཀར་པོ།
སྟག་ཤར་རས་སྡེ་མཐའ་ཉུལ་དུས།
ཁྱོད་ནི་ཕུགས་བསམ་གྱི་རྟ་ཕོ་ཡིན།
དཀན་གཟར་ལམ་བུ་སྨུག་པས་བསྒྲུབས་ཀྱང་།
ས་ཆེན་གངས་རིའི་ལྗོངས་ལ་ཞབས་རྗེས་ཉི་འོད་ཤར་ཡོད།
ཨོ། ལམ་དཀར་པོ།
བོད་ཁ་བའི་ཁ་གཡང་དཀར་པོ།
ཕ་བཟང་བོའི་དམ་ཚིག་དཀར་པོ།
དྲིན་ཨ་མའི་བསམ་པ་དཀར་པོ།
ངའི་ཕ་མེས་ཚོའི་བཞུད་ལམ་དཀར་པོ།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息