圣地 | 旦增旺姆

创作翻唱 藏歌电台 | 推荐音乐 第37期 2021-03-05 创建 播放:87480

介绍: གླུ་གཞས། གནས་བཟང་།
ཚིག་གདངས། དམངས་ཁྲོད།
གཞས་པ། བསྟན་འཛིན་དབང་མོ།

དེ་ནས་བལྟས་པའི་ཉི་མའི་ཤར་ཕྱོགས་ནས།
རི་བོ་ཆེན་པོས་དབུ་ཞྭ་ཞེས་པ་འདྲ།
རི་བོ་ཆེན་པོས་དབུ་ཞྭ་ཞེས་དོགས་མེད།
གནས་ཆེན་ཁ་བ་དཀར་པོ་ཡིན་ཤས་ཆེ།
བུ་མོ་མི་བསྡོད་གནས་རི་མཇལ་བར་འགྲོ།
གནས་ཆེན་ཁ་བ་དཀར་པོ་མཇལ་བར་འགྲོ།

དེ་ནས་བལྟས་པའི་ཉི་མའི་ལྷོ་ཕྱོགས་ནས།
གསེར་ཆེན...

介绍: གླུ་གཞས། གནས་བཟང་།
ཚིག་གདངས། དམངས་ཁྲོད།
གཞས་པ། བསྟན་འཛིན་དབང་མོ།

དེ་ནས་བལྟས་པའི་ཉི་མའི་ཤར་ཕྱོགས་ནས།
རི་བོ་ཆེན་པོས་དབུ་ཞྭ་ཞེས་པ་འདྲ།
རི་བོ་ཆེན་པོས་དབུ་ཞྭ་ཞེས་དོགས་མེད།
གནས་ཆེན་ཁ་བ་དཀར་པོ་ཡིན་ཤས་ཆེ།
བུ་མོ་མི་བསྡོད་གནས་རི་མཇལ་བར་འགྲོ།
གནས་ཆེན་ཁ་བ་དཀར་པོ་མཇལ་བར་འགྲོ།

དེ་ནས་བལྟས་པའི་ཉི་མའི་ལྷོ་ཕྱོགས་ནས།
གསེར་ཆེན་འབོག་ཏོ་གནམ་ལ་རོང་སེ་རོང་།
གསེར་ཆེན་འབོག་ཏོ་གནམ་ལ་རོང་དོགས་མེད།
དབུས་ཀྱི་སེ་འབྲས་དགེ་གསུམ་ཡིན་ཤས་ཆེ།
བུ་མོ་མི་བསྡོད་གནས་མཇལ་ཞུ་བར་འགྲོ།
དབུས་ཀྱི་སེ་འབྲས་དགེ་གསུམ་མཇལ་བར་འགྲོ།

དེ་ནས་བལྟས་པའི་ཉི་མའི་ནུབ་ཕྱོགས་ནས།
བྱུ་རུ་དམར་པོ་ཐང་ལ་བཏིངས་བ་འདྲ།
བྱུ་རུ་དམར་པོ་ཐང་ལ་བཏིངས་དོགས་མེད།
གཙང་གི་བཀྲ་ཤིས་ལྷུན་པོ་ཡིན་ཤས་ཆེ།
བུ་མོ་མི་བསྡོད་གནས་མཇལ་ཞུ་བར་འགྲོ།
པན་ཆེན་ཆོས་ཀྱི་རྒྱལ་མཚན་མཇལ་བར་འགྲོ།

དེ་ནས་བལྟས་པའི་ཉི་མའི་བྱང་ཕྱོགས་ནས།
དམར་ཡག་སྟག་མོའི་འཛུམ་དྲུག་རྒྱས་པ་འདྲ།
དམར་ཡག་སྟག་མོའི་འཛུམ་དྲུག་ཡིན་མདོག་མེད།
ཕན་ཡུལ་སྟག་ལུང་དགོན་པ་ཡིན་ཤས་ཆེ།
བུ་མོ་མི་བསྡོད་བླ་མ་མཇལ་བར་འགྲོ།
བླ་མ་མ་ཞབས་རྩེ་གསུམ་མཇལ་བར་འགྲོ།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息