2021降央卓玛&根呷最新单曲《 生活》

创作翻唱 多尔桑歌舞电台 第117期 2021-02-10 创建 播放:105057

介绍: འཚོ་བ།
ཚིག་དང་དབྱངས། གནམ་ལྷ་ཐར།
ལེན་མཁན། འཇམ་དབྱངས་སྒྲོལ་མ། ཀུན་དགའ།

འབྲོག་མཐིང་སྨུག་སྦྲ་ཡི་ཆོན་འདབས་ན།
རོང་ཤིང་ཁང་གྲུ་བཞིའི་ཕྱི་ནང་ན།
མགོ་སྒུར་ནས་ལས་ལ་འབད་ནི་བོ།
དྲིན་མ་ལོ་ཞིག་གི་སྣང་བརྙན་རེད།
སྐྱིད་ལོས་ཡོད་རིགས་ཀྱི་ཨ་མ་རེད།
སྡུག་ལོས་ཡོད་ཁྱིམ་གྱི་གཞི་མ་རེད།
སྐྱིད་སྡུག་གི་རེས་མོས་འཁོར་མཚམས་ན།
དྲིན་མ་ལོའི་ཞལ་...

介绍: འཚོ་བ།
ཚིག་དང་དབྱངས། གནམ་ལྷ་ཐར།
ལེན་མཁན། འཇམ་དབྱངས་སྒྲོལ་མ། ཀུན་དགའ།

འབྲོག་མཐིང་སྨུག་སྦྲ་ཡི་ཆོན་འདབས་ན།
རོང་ཤིང་ཁང་གྲུ་བཞིའི་ཕྱི་ནང་ན།
མགོ་སྒུར་ནས་ལས་ལ་འབད་ནི་བོ།
དྲིན་མ་ལོ་ཞིག་གི་སྣང་བརྙན་རེད།
སྐྱིད་ལོས་ཡོད་རིགས་ཀྱི་ཨ་མ་རེད།
སྡུག་ལོས་ཡོད་ཁྱིམ་གྱི་གཞི་མ་རེད།
སྐྱིད་སྡུག་གི་རེས་མོས་འཁོར་མཚམས་ན།
དྲིན་མ་ལོའི་ཞལ་རས་འཛུམ་གྱི་ལེར།
འཚོ་བ་ནི་འཁོར་བའི་འཁོར་ལུགས་རེད།
འཁོར་བ་ནི་འཚོ་བའི་རོལ་ལུགས་རེད།
སྡུག་ཆེ་ཡང་འཛུམ་གྱིས་འཚོ་བ་འདི།
བོད་མགོ་ནག་མི་ཡི་རང་གཤིས་རེད།

སྤང་ཨ་ལོང་འཁྱིལ་བའི་ཉིན་སྲིབ་ན།
ཞིང་ཆུ་མ་ཐང་གི་ཡང་གསེབ་ན།
ལུས་རྔུལ་ནག་ཆུ་ཡིས་བྲན་ནི་བོ།
དྲིན་ཕ་ལོ་ཞིག་གི་སྣང་བརྙན་རེད།
སྐྱིད་ལོས་ཡོད་རིགས་ཀྱི་བདག་པོ་རེད།
སྡུག་ལོས་ཡོད་ཁ་རྒྱབ་འཚོལ་མི་རེད།
སྐྱིད་སྡུག་གི་རེས་མོས་འཁོར་མཚམས་ན།
དྲིན་ཕ་ལོའི་དཔུང་བ་བརྟན་གྱིག་སེ།
འཚོ་བ་ནི་འཁོར་བའི་འཁོར་ལུགས་རེད།
འཁོར་བ་ནི་འཚོ་བའི་རོལ་ལུགས་རེད།
སྡུག་ཆེ་ཡང་འཛུམ་གྱིས་འཚོ་བ་འདི།
བོད་མགོ་ནག་མི་ཡི་རང་གཤིས་རེད།

收起
节目包含歌曲列表(1首歌)
加载中...
  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息