黄昏的曲调

创作翻唱 Tibet藏印 第156期 2021-02-08 创建 播放:21086

介绍: ས་སྲོད་ཀྱི་གདངས།
ཚིག བསང་ཚེ་བཀྲ།
དབྱངས། བསང་གསེར་མིག
བཙན་པོའི་སྦྲ་ཁྱིམ་སྒྱུ་རྩལ་ཚོགས་པས་བླངས།

དབུ་རྩེ་མཁའ་ལ་སྙེག་པའི། །
ཨ་མྱེས་ཁྱུང་རྩེའི་རི་ན། །
རི་དྭགས་དགོ་བ་ཞོགས་པ། །
ལྷ་ལུག་གཉན་ལ་འདྲེས་པ། །
སྨུག་སྤྲིན་ནང་གི་རྫི་བོ། །
ང་རང་ཡིན་ན་དགའ་བ། །

རྒྱབ་ན་ཆུ་ཕྱིང་དཀར་པོ། །
ལག་ན་འུར་ཆ་ཁྲ་མོ། །
ཁ་ངོ་ཉི་མས་འཚི...

介绍: ས་སྲོད་ཀྱི་གདངས།
ཚིག བསང་ཚེ་བཀྲ།
དབྱངས། བསང་གསེར་མིག
བཙན་པོའི་སྦྲ་ཁྱིམ་སྒྱུ་རྩལ་ཚོགས་པས་བླངས།

དབུ་རྩེ་མཁའ་ལ་སྙེག་པའི། །
ཨ་མྱེས་ཁྱུང་རྩེའི་རི་ན། །
རི་དྭགས་དགོ་བ་ཞོགས་པ། །
ལྷ་ལུག་གཉན་ལ་འདྲེས་པ། །
སྨུག་སྤྲིན་ནང་གི་རྫི་བོ། །
ང་རང་ཡིན་ན་དགའ་བ། །

རྒྱབ་ན་ཆུ་ཕྱིང་དཀར་པོ། །
ལག་ན་འུར་ཆ་ཁྲ་མོ། །
ཁ་ངོ་ཉི་མས་འཚིག་རུང་། །
སེམས་ཀྱི་གངས་རི་དཀར་བ། །
འུ་གེའི་བཙན་ས་སྲུང་བའི། །
འབྲོག་མྱི་སྨུག་པོ་ཚེ་རིང་། །

མེ་ཏོག་མགོ་ལྕོག་ལྡེམ་པའི། །
ཕ་རིའི་རྟ་རྒྱུག་ཐང་ན། །
མཐིང་སྨུག་སྦྲ་ཞིག་ཕུབ་པ། །
སྦྲ་འདབས་འབྲི་བརྒྱས་བསྐོར་བ། །
ཆོན་ཐག་སྟེང་གི་བྱིའུ་ཆུང་། །
ང་རང་ཡིན་ན་སྐྱིད་པ། །

མཁུར་ལ་དམར་ཁ་ཚ་བ། །
ཚིག་ལ་ལྷོད་ཤ་ལྡན་པ། །
གོས་ལ་འོ་རགས་ཆགས་ཀྱང་། །
ཡིད་སེམས་རྫ་ཆུ་གཙང་བ། །
གཞིས་ཀྱི་ཐབ་མྱེ་གསོ་བའི། །
འབྲོག་མོའི་ཚེ་རིང་ལོ་བརྒྱ། །

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息