谢旦&卡瓦东智最新单曲《金山之家》

创作翻唱 多尔桑歌舞电台 第75期 2020-12-18 创建 播放:21469

介绍: རི་གསེར་ལྡན་ཚང་།

ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
དབྱངས། བློ་གསལ།
གཞས་པ། ཤེར་བསྟན་དང་ཁ་བ་དོན་འགྲུབ།

རི་གསེར་ལྡན་ཡག་གི་གོང་ཁ་ནས།།
ལུག་གཡང་དཀར་འབའ་སྒྲ་སྤྲིན་ལ་འདྲེས།།
ལུག་འཚོ་སྐྱོང་ཡག་གི་རྫི་བོ་འདིའི།།
ལས་བསམ་དོན་འགྲུབ་པའི་ཁ་གཡང་འབོད།།

རི་གསེར་ལྡན་ཡག་གི་དཀྱིལ་ཁུགས་ནས།།
འབྲི་བརྒྱ་བརྒྱ་རོག་རོག་རླུང་ལ་འདྲེས།།
འ...

介绍: རི་གསེར་ལྡན་ཚང་།

ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
དབྱངས། བློ་གསལ།
གཞས་པ། ཤེར་བསྟན་དང་ཁ་བ་དོན་འགྲུབ།

རི་གསེར་ལྡན་ཡག་གི་གོང་ཁ་ནས།།
ལུག་གཡང་དཀར་འབའ་སྒྲ་སྤྲིན་ལ་འདྲེས།།
ལུག་འཚོ་སྐྱོང་ཡག་གི་རྫི་བོ་འདིའི།།
ལས་བསམ་དོན་འགྲུབ་པའི་ཁ་གཡང་འབོད།།

རི་གསེར་ལྡན་ཡག་གི་དཀྱིལ་ཁུགས་ནས།།
འབྲི་བརྒྱ་བརྒྱ་རོག་རོག་རླུང་ལ་འདྲེས།།
འབྲི་ཐོད་དཀར་བཞོ་པའི་སྨན་ཆུང་འདིའི།།
གནས་ལམ་ཁ་དཀར་བའི་སྨོན་ཚིག་འབུལ།།

རི་གསེར་ལྡན་ཡག་མོའི་སྤང་ཐང་ནས།།
རྟ་སྔོ་སྔོའི་བང་རྩལ་རྡུལ་ལ་འདྲེས།།
རྟ་འདོ་བ་ཞོན་པའི་སྟག་ཤར་འདིའི།།
ལས་རླུང་རྟ་དར་བའི་ཀྭི་བསོ་སྒྲོགས།།

རི་གསེར་ལྡན་ཡག་གི་གཡང་ཁྱིམ་ནས།།
དྲིན་ཕ་མའི་བློ་སེམས་ཆོས་ལ་འདྲེས།།
ལག་ཙན་དན་ཕྲེང་བའི་རྒྱན་ཤོམ་འདིའི།།
གཞི་འཚོ་བ་རྟག་པའི་ཁ་རྒྱན་ཡོད།།

རི་གསེར་ལྡན་ཡག་གི་སྡེ་གྲོང་ནས།།
བུ་ཚ་བོ་སྐད་དང་ཡི་གེར་འདྲེས།།
ལག་སྨྱུག་ཆུང་འཛིན་པའི་གཅེས་ཕྲུག་འདིའི།།
ལས་ལམ་ཁ་ཡངས་པའི་སྨོན་ལམ་འདེབས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息