日曲最新单曲-《故乡玉科》

创作翻唱 多尔桑歌舞电台 第66期 2020-11-22 创建 播放:16828

介绍: ཕ་ཡུལ་གཡུ་ཁོག

རིག་མཆོག་གི་ཚིག་བྲིས།

དམངས་ཁྲོད་ཀྱི་གཞས་གདངས།

རིག་མཆོག་གི་བླངས།

དབྱར་གསུམ་མེ་ཏོག་སྤང་གི་རི་ལ་ཁྱབ་དུས།།   

གཡུ་ཁོག་རྩྭ་ཐང་ལྷ་ཡི་ཞིང་ཁམས་འདྲ་བྱུང།།    

རྫ་སྤང་ནགས་ལ་ལྗོན་པའི་ལོ་འདབ་རྒྱས་དུས།།  

གཡུ་ལྗོངས་ཕྱུགས་མོ་གཡུ་ཡི་མཚོ་མོ་འཁྱིལ་འདྲ།།          

དགུན་གསུམ་རི་ལ་ཁ་བའི་འདབ་མ་བཞད་དུས།།

...

介绍: ཕ་ཡུལ་གཡུ་ཁོག

རིག་མཆོག་གི་ཚིག་བྲིས།

དམངས་ཁྲོད་ཀྱི་གཞས་གདངས།

རིག་མཆོག་གི་བླངས།

དབྱར་གསུམ་མེ་ཏོག་སྤང་གི་རི་ལ་ཁྱབ་དུས།།   

གཡུ་ཁོག་རྩྭ་ཐང་ལྷ་ཡི་ཞིང་ཁམས་འདྲ་བྱུང།།    

རྫ་སྤང་ནགས་ལ་ལྗོན་པའི་ལོ་འདབ་རྒྱས་དུས།།  

གཡུ་ལྗོངས་ཕྱུགས་མོ་གཡུ་ཡི་མཚོ་མོ་འཁྱིལ་འདྲ།།          

དགུན་གསུམ་རི་ལ་ཁ་བའི་འདབ་མ་བཞད་དུས།།

གཡུ་སྒང་རྫ་བོ་གངས་ཀྱི་རྭ་བས་བསྐོར་འདྲ།།      

ཤེལ་དཀར་མཆོད་རྟེན་ཨ་སྔོན་དགུང་ལ་ཟིག་འདྲ།།      

གཡུ་སྟོད་ཨ་མྱེ་རྡོ་རྗེ་གཡུ་ཁྲོམ་ཡིན་སོང།།                 

སྟོན་གསུམ་ཉི་ཟེར་ཤར་རིའི་རྩེ་ནས་ཤར་དུས།།           

འབྲུ་རིགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་ས།།                

སྡོང་ལོ་སེར་པོ་གསེར་གྱི་རང་མདངས་ལྡན་ས།།           

གཡུ་མཁར་ཐང་ཆེན་གསེར་གྱི་མཚོ་མོ་འཁྱིལ་འདྲ།།        

དཔྱིད་གསུམ་ཚང་ཚང་ནགས་ལུང་ཕྱུག་མོའི་ཚལ་ནས།།                                              སྙན་པའི་ལྷ་བྱ་ཁུ་ལོའི་གསུང་སྙན་སྒྲོག་ས།།               

རྟ་ནོར་ལུག་གི་འབའ་སྒྲའི་མཚེར་སྐད་སྙན་ས།།           

ཕ་ཡུལ་གཡུ་ལྗོངས་འབྲོག་པའི་རྩྭ་ཐང་ཡིད་སོང།།         

དེ་རིང་ཉིན་བཟང་སྐལ་བཟང་དུས་སྟོད་འདི་ལ།།   
     
ང་ཚོ་ལས་ཀྱིས་ལྷན་འཛོམས་སྐལ་བ་གནང་བྱུང།།     

ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་སྨོན་ལམ།།         
   
རེ་སྨོན་སྟོང་གིས་བཀྲ་ཤིས་ཁ་གཡང་འབོད་ཡ།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息