桑格拉旦 2020年最新单曲【故乡阿柔】

创作翻唱 阿柔孩子音乐平台 第318期 2020-10-18 创建 播放:18058

介绍: ཕ་ཡུལ་ཨ་རིག

གཞས་ཚིག ཡུམ་ཆེན་སྐྱབས།
གཞས་གདངས། སེངྒེ་རབ་བརྟན།
གཞས་པ། སེངྒེ་རབ་བརྟན།

སྲ་མོ་ལྕགས་ཀྱི་མནའ་ཚིག་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
དཀར་གཙང་གངས་ཀྱི་དད་པ་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
རུས་ཆེན་པོ་སྒ་ཡི་གདུང་རྒྱུད་ཁྱེད།
རིག་གནས་ཀྱི་འོད་ཟེར་གླིང་ལ་འཕྲོ་ས་ཡིན།
ངོ་མཚར་བའི་གཏམ་རྒྱུད་ལོ་རྒྱུས་རང་གྲུབ་ཡིན།
ཕ་ཡུ...

介绍: ཕ་ཡུལ་ཨ་རིག

གཞས་ཚིག ཡུམ་ཆེན་སྐྱབས།
གཞས་གདངས། སེངྒེ་རབ་བརྟན།
གཞས་པ། སེངྒེ་རབ་བརྟན།

སྲ་མོ་ལྕགས་ཀྱི་མནའ་ཚིག་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
དཀར་གཙང་གངས་ཀྱི་དད་པ་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
རུས་ཆེན་པོ་སྒ་ཡི་གདུང་རྒྱུད་ཁྱེད།
རིག་གནས་ཀྱི་འོད་ཟེར་གླིང་ལ་འཕྲོ་ས་ཡིན།
ངོ་མཚར་བའི་གཏམ་རྒྱུད་ལོ་རྒྱུས་རང་གྲུབ་ཡིན།
ཕ་ཡུལ་ཡ་ཨ་རིག
ས་མེ་ཏོག་སྤང་གི་ཨ་རིག་རུ་སྡེ་སྐྱིད།

ངོ་མཚར་ལྷ་ཡི་ཡབ་མེས་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
འབྲི་བརྒྱ་བཞོ་བའི་མ་སྲུ་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
རུས་ཆེན་པོ་སྒ་ཡི་གདུང་རྒྱུད་ཁྱེད།
ནང་ཕུ་ནུའི་ལྷད་མེད་དགོད་འཛུམ་ལྷུག་ལྷུག་ཡིན།
བྱམས་སྙིང་རྗེའི་འདབ་མ་དཀར་པོ་རང་གྲོལ་ཡིན།
ཕ་ཡུལ་ཡ་ཨ་རིག
སྦྲ་རོག་རོག་ནང་གི་ཨ་རིག་རུ་སྡེ་སྐྱིད།

རང་བྱུང་མཛེས་པའི་རི་ཆུ་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
གཞན་སྡེ་སྨོན་པའི་ཡུལ་སྲོལ་སུ་ལ་ཡོད།
ང་ཡི་ཨ་རིག་མི་ལ་ཡོད།
རུས་ཆེན་པོ་སྒ་ཡི་གདུང་རྒྱུད་ཁྱེད།
སྣོད་བཅུད་ཀྱི་བརྩེ་བའི་གཞས་གླུ་སིང་སིང་ཡིན།
ཆོས་མ་ཎིའི་དབྱངས་རྟ་སྙན་མོ་རང་འཁོར་ཡིན།
ཕ་ཡུལ་ཡ་ཨ་རིག
སྤྲིན་ལུག་ཁྱུའི་འདབས་ཀྱི་ཨ་རིག་རུ་སྡེ་སྐྱིད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息