上红科乡寄宿制小学校歌 谢旦

创作翻唱 岭乡之音 【 བོད་གཞས། 】 第137期 2020-09-20 创建 播放:11363

介绍: སློབ་གཞས་ཞོགས་པའི་ཉི་ཟེར།

ཚིག། འཇུ་སྐལ་བཟང་།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
གཞས། གླུ་རྒྱལ་ཤེར་བསྟན།

ཡར་འགྲོ་ཡར་འགྲོ་རི་རྒྱུད་མཐོན་པོ་གངས་ལ་ཐུག་ས།
མེས་པོའི་གཏམ་རྒྱུད་གངས་རི་གཞན་ལས་རྒྱང་ཤོམ་ཆེ་ས།
ཕེབས་དང་ཕེབས་དང་སྙི་ཀླུང་རིང་མོ་རྒྱང་དུ་ཕེབས་དང་།
ང་ཚོའི་ཕུགས་འདུན་རྒྱང་ནས་རྒྱང་དུ་འཁྱེར་བ་གནངས་དང་།
སྲིབ་...

སྲིབ་རི་ཁུ་བྱུག་གྲགས་ས།
འོམ་བུའི་མེ་ཏོག་ཤར་ས།
མ་ཡུམ་སློབ་གྲྭའི་ར་བ།
ང་ཚོས་དབྱངས་གསལ་གྱེར་ས།
དགའ་ཡ་རེའི་སོ།
གནས་དེ་ན་དགའ་ཡ་རེའི་སོ།
ནོར་བུའི་ཐང་མ་བརྡལ་ཡོད།
མིག་ལ་འོད་སྣང་འཁྱིལ་ཡོད།
བློ་ལྷག་བསམ་དགེ་བའི་སློབ་སྟོན།
འདང་བརྩེ་བ་འཁྱིལ་སའི་གནས་མལ།
སེམས་སྣང་བ་སྐྱིད་སའི་སློབ་ར།
ཁྱོད་རྟག་ཏུ་ཁ་དྲོ་བཀྲ་ཤིས།

ཡར་འགྲོ་ཡར་འགྲོ་རི་རྒྱུད་མཐོན་པོ་གངས་ལ་ཐུག་ས།
མེས་པོའི་གཏམ་རྒྱུད་གངས་རི་གཞན་ལས་རྒྱང་ཤོམ་ཆེ་ས།
ཕེབས་དང་ཕེབས་དང་སྙི་ཀླུང་རིང་མོ་རྒྱང་དུ་ཕེབས་དང་།
ང་ཚོའི་ཕུགས་འདུན་རྒྱང་ནས་རྒྱང་དུ་འཁྱེར་བ་གནངས་དང་།
ལྷོ་སྤྲིན་བྱང་སྤྲིན་འདྲེས་ས།
ནོར་ལུག་རི་ཐང་གང་ས།
མ་ཡུམ་སློབ་གྲྭའི་ར་བ།
ང་ཚོའི་རང་ཁྱིམ་གཉིས་པ།
དགའ་ཡ་རེའི་སོ།
ས་དེ་ནས་དགའ་ཡ་རེའི་སོ།
ནོར་བུ་རུམ་ལ་བཅུག་ཡོད།
མཆིལ་མ་གསེར་དུ་སོང་ཡོད།
བློ་རིག་པའི་གཤོག་ཟུང་བཅངས་ནས།
ང་མདུན་ནས་མདུན་དུ་སྐྱོད་ན།
ངའི་སློབ་རའི་དབྱངས་གསལ་སྙན་མོ།
ཁྱོད་ཡུན་ནས་ཡུན་དུ་གྱེར་དགོས།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息