刻骨之爱——索男多杰和三木科最新单曲

创作翻唱 阿柔孩子音乐平台 第305期 2020-08-23 创建 播放:34510

介绍: བསོད་ནམས་སྟོབས་རྒྱལ།བསམ་ཁོ་འམ་རྩེ་དབྱངས་སྙན།

གཞས་ཚིག སེམས་པའི་གས་ཆག
དབྱངས། བསོད་ནམས་སྟོབས་རྒྱལ།
མཉམ་ལེན། བསོད་ནམས་སྟོབས་རྒྱལ།བསམ་ཁོ་འམ་རྩེ་དབྱངས་སྙན།

གཡུ་འཛིན་སྒེག་མོའི་གོས་ཆེན་སྟེང་གི།།
སེམས་འཛིན་སྙིང་གི་བརྩེ་བའི་བུ་མོ།།
ལུས་སེམས་ཕྱི་མཐུན་ནང་མཐུན་བྱུང་བ།།
གྲོང་གི་ན་ཟླ་སྨོན་པའི་གཞི་རེད།།
སེམས་འཛིན་སྙིང་གི་བ...

介绍: བསོད་ནམས་སྟོབས་རྒྱལ།བསམ་ཁོ་འམ་རྩེ་དབྱངས་སྙན།

གཞས་ཚིག སེམས་པའི་གས་ཆག
དབྱངས། བསོད་ནམས་སྟོབས་རྒྱལ།
མཉམ་ལེན། བསོད་ནམས་སྟོབས་རྒྱལ།བསམ་ཁོ་འམ་རྩེ་དབྱངས་སྙན།

གཡུ་འཛིན་སྒེག་མོའི་གོས་ཆེན་སྟེང་གི།།
སེམས་འཛིན་སྙིང་གི་བརྩེ་བའི་བུ་མོ།།
ལུས་སེམས་ཕྱི་མཐུན་ནང་མཐུན་བྱུང་བ།།
གྲོང་གི་ན་ཟླ་སྨོན་པའི་གཞི་རེད།།
སེམས་འཛིན་སྙིང་གི་བརྩེ་བའི་བུ་མོ།།
དྲིན་ཆེན་ཕ་མའི་བཀག་འགོག་མེད་ན།།
གཏམ་དང་མྱི་ཁའི་བར་ཆད་མེད་ན།།
རང་སེམས་ལྷད་མེད་ཤོག་དཀར་ངོས་ནས།།
བརྩེ་བ་གཞན་དང་འདྲ་ལེ་མ་རེད།།
དབྱར་གཞུང་ཁྲ་ཚོམ་མེ་ཏོག་ཐང་གི།
དྲན་འཛིན་སྙིང་མཐུན་ཆུང་འདྲིས་སྒྲོལ་མ།།
དྲི་མེད་བརྩེ་བའི་གུར་ཆུང་ཕུག་ན།།
སྡེ་ཆེན་སྡེ་ཆུང་སྨོན་པའི་གཞི་རེད།།
དྲན་འཛིན་སྙིང་མཐུན་ཆུང་འདྲིས་སྒྲོལ་མ།།
ལྷན་འཛོམས་ལས་ལ་རང་དབང་ཡོད་ན།།
མདུན་སྐྱོད་ཚེ་ལ་བར་ཆད་མེད་ན།།
བདག་སེམས་བརྩེ་བའི་ཁ་ཏག་དཀར་པོ།།
ཁྱེད་ལས་གཞན་ལ་སྟོན་ས་མ་རེད།།
དུང་ཟླ་གསལ་བའི་མཚན་ལྗོངས་དེ་ལ།།
བདག་སེམས་འགུག་པའི་ཡིད་འཕྲོག་སྒྲོལ་མ།།
སྙིང་ཆུང་གཏམ་གྱི་བརྩེ་འཕྲིན་བཞུར་ན།།
གསར་བུ་གསར་མོ་སྤྲོ་བའི་གཞི་རེད།།
བདག་སེམས་འགུག་པའི་ཡིད་འཕྲོག་སྒྲོལ་མ།།
སྒོ་ཁྱི་ངར་མའི་སྔོན་འགོག་མེད་ན།།
སྒོ་ཆེན་གཏད་པའི་ཟྭ་ཆེན་མེད་ན།།
ཉ་ཟླའི་གུར་ཆུང་དྲོད་མོའི་ནང་ནས།།
ཚོར་བའི་ཤ་ཞེན་བརྗེད་ས་མ་རེད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息