སྲོག་གི་སྐྱོར་མ།

创作翻唱 岭乡之音 【 བོད་གཞས། 】 第136期 2020-06-23 创建 播放:10927

介绍: སྲོག་གི་སྐྱོར་མ།

ཚིག གངས་དཔལ།
དབྱངས མགར་བསམ་འགྲུབ་ཚེ་རིང་།
གཞས། མགར་བསམ་འགྲུབ་ཚེ་རིང་།

བུ་མོ་ཁྱེད་ལ་དགའ་དགའ།
ང་གཞན་ལ་མི་དགའ་འཛམ་བུ་གླིང་འདི་དཔང་ལ་བཞག་ཆོག
བུ་མོ་ཁྱེད་ལ་དུངས་དུངས།
ང་གཞན་ལ་མི་དུངས་འགོ་བའི་ལྷ་ལྔས་བདེན་དཔང་བྱས་ཆོག
གོམས་ཁ་ལྷོད་པོ་ངོ་ཚ་སྨིན་པོ།
ལུས་ཚུགས་ཡག་པོ་གཞོན་ཤ་འཇམ་པོ།
གཤིས་རྒྱུད་དྲ་པོ་ངང་རྒྱ...

介绍: སྲོག་གི་སྐྱོར་མ།

ཚིག གངས་དཔལ།
དབྱངས མགར་བསམ་འགྲུབ་ཚེ་རིང་།
གཞས། མགར་བསམ་འགྲུབ་ཚེ་རིང་།

བུ་མོ་ཁྱེད་ལ་དགའ་དགའ།
ང་གཞན་ལ་མི་དགའ་འཛམ་བུ་གླིང་འདི་དཔང་ལ་བཞག་ཆོག
བུ་མོ་ཁྱེད་ལ་དུངས་དུངས།
ང་གཞན་ལ་མི་དུངས་འགོ་བའི་ལྷ་ལྔས་བདེན་དཔང་བྱས་ཆོག
གོམས་ཁ་ལྷོད་པོ་ངོ་ཚ་སྨིན་པོ།
ལུས་ཚུགས་ཡག་པོ་གཞོན་ཤ་འཇམ་པོ།
གཤིས་རྒྱུད་དྲ་པོ་ངང་རྒྱུད་འཇམ་པོ།
སྐྲ་ལོ་རྒྱ་ལྕང་འདྲ་བོར་འོད་ཟིག་ཡོད།
མིག་ཟུང་བླ་ཟིག་འདྲ་བོར་མདངས་ཟིག་ཡོད།
འཇིགརྟེན་སྣང་བ་གླེང་ས་རེད།

བུ་མོ་ཁྱེད་རང་འདྲ་བ།
ངས་མཐོང་མྱོང་མ་བྱུང་རྨ་བྱའི་སྒྲོ་ཐིག་དཔེ་ལ་བཞག་ཆོག
བུ་མོ་ཚིག་གསུམ་གསུང་དང་།
ང་ཁྱེད་ལ་དགའ་བ་འཇིག་རྟེན་སྣང་བས་བདེན་དཔང་བྱས་ཆོག
སྐྱེགཟུགསསྨྱུག་རེད་ཞལ་རས་ཟླ་རེད།
སོ་ཕྲེང་དུང་རེད་ཁ་ཚིག་མགུར་རེད།
མཆུ་སྒྲོས་མཚལ་རེད་ཟུར་མིག་མདའ་རེད།
ཁ་ཐིའི་རི་མོ་ཅན་གྱི་གོས་ལྭ་ཡག
གཡུ་བྱུར་སྔོ་ནེར་བརྒྱུས་པའི་བྲང་རྒྱནཡག
གཞོན་པའི་ཡིད་སེམས་ཤོར་ས་རེད།

བོ་མོ་ང་དང་ལྷན་དུ།
ཁྱོད་གཉེན་སྒྲིགབྱུང་ན་གཞིས་ཁྱིམ་དྲོན་མོའི་ནང་འཛིན་ཁྱོད་ཡིན།
བུ་མོ་དབུ་རྒྱན་ནང་ལ་ངས་ཁ་བཏགས་བརྒྱུས་ཚེ།
བདག་གི་བརྩེ་བའི་ཆུང་མ་ཁྱོད་ཡིན།
སྣང་བའི་བཅུད་ཡིན་སེམས་ཀྱི་དྲོད་ཡིན།
ཚོར་བའི་གཏིང་ཡིན་སྙིང་གི་ཤ་ཡིན།
དྲན་པའི་གཞི་ཡིན་དམར་ཆུང་སྲོག་ཡིན།
སེམས་ལ་དབྱངས་རིག་འཆར་བའི་ན་ཆུང་མ།
ཅི་བཤད་ཚིག་རྩར་འཁྲུལ་བ་བརྗེད་མེད་ཡིན།
མི་ཚེ་སྐྱིད་ཀྱིས་འཚོ་རོགས་ཡིན།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息