《真诚的呼唤》...阿山

创作翻唱 糌粑萨丶King 第596期 2020-06-19 创建 播放:45367

介绍: ལྷག་བསམ་གྱི་འབོད་སྐུལ།
《真诚的呼唤》

ཚིག ལྷ་རྩེ་ཁུ་བྱུག
词:拉泽克秀
དབྱངས། དམངས་ཁྲོད།
曲:民间
ལེན་མཁན། ཨ་བསམ།
演唱:阿山

ཆོལ་གསུམ་བོད་རིགས་སྤུན་ཟླ།།
རི་བོང་ཅལ་འདྲོགས་མ་གནང་།།
རང་ཚུགས་གསེར་ནག་གྲུ་བཞི།།
ཅ་ཅོའི་གཏམ་ལ་མ་བརྗེ།།

མི་བདེན་གཏམ་འཆལ་ནག་པོ།།
རླུང་དམར་བཞིན་དུ་འཚུབ་དུས།།
དཔྱོད་པའི་བློ་མིག་མེད་ན།།
མི་...

介绍: ལྷག་བསམ་གྱི་འབོད་སྐུལ།
《真诚的呼唤》

ཚིག ལྷ་རྩེ་ཁུ་བྱུག
词:拉泽克秀
དབྱངས། དམངས་ཁྲོད།
曲:民间
ལེན་མཁན། ཨ་བསམ།
演唱:阿山

ཆོལ་གསུམ་བོད་རིགས་སྤུན་ཟླ།།
རི་བོང་ཅལ་འདྲོགས་མ་གནང་།།
རང་ཚུགས་གསེར་ནག་གྲུ་བཞི།།
ཅ་ཅོའི་གཏམ་ལ་མ་བརྗེ།།

མི་བདེན་གཏམ་འཆལ་ནག་པོ།།
རླུང་དམར་བཞིན་དུ་འཚུབ་དུས།།
དཔྱོད་པའི་བློ་མིག་མེད་ན།།
མི་གཞི་རླུང་ལ་བསྐུར་ཡོང་།།

དབྱར་རྩྭ་དགུན་འབུའི་དོན་དུ།།
ཕུ་ནུའི་མཐུན་སྒྲིལ་མ་གཏོར།།
མཛའ་བརྩེ་འོ་མའི་རྒྱ་མཚོ།།
རྩྭ་ཉག་དོན་དུ་མ་དཀྲུགས།།

ཁ་བའི་བདེ་སྡུག་བསམ་ན།།
རྩྭ་རྐང་དོན་དུ་མ་འཁྲུགས།།
མཐུན་ལམ་མེས་པོའི་གཡུ་ཆུང་།།
དབྱར་རྩྭའི་དོན་དུ་མ་འབོར།།

སོ་སོའི་ཕྱོགས་ཁག་ཆེད་དུ།།
གྲུབ་མཐའ་བཟང་ངན་མ་རྩོད།།
ཐུབ་གསུང་ནོར་བུ་བསམ་འཕེལ།།
ཕྲག་དོག་དོང་ལ་མ་འཕེན།།

ལྷ་ཆོས་དགེ་བའི་རྒྱལ་མཚན།།
ཐར་ལམ་བགྲོད་པའི་གཞི་རེད།།
དད་འདུན་གསེར་གྱི་ཡུ་བ།།
ཆགས་སྡང་སྟ་གྲིས་མ་གཅོད།།

རྒྱུད་དྲུག་རོལ་མོའི་གདངས་ལ།།
བརྩེ་བའི་གླུ་གཞས་བསྡེབས་ཏེ།།
རང་རིགས་སྤུན་ཟླ་ཡོངས་ལ།།
མདོ་ཁམས་སྨད་ནས་བླངས་ཡོད།།

ལྷག་བསམ་དབྱངས་ལ་འདྲེས་ཡོད།།
རེ་སྐུལ་གླུ་ལ་བསྲེས་ཡོད།།
དབྱངས་ཀྱི་ཐང་དཀར་རྒོད་ལ།།
འཕྲིན་པའི་གཏམ་འདི་བསྐུར་ཡོད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息