【碌曲锅庄】欢聚乐园

创作翻唱 【TBT♪Gussun radio】 第41期 2020-03-27 创建 播放:17378

介绍: 【碌曲锅庄】欢聚乐园
དགྱེས་འཛོམས་བྲོ་ར།
ཚིག གངས་ཅན་པ་སྒྲོལ་མ་སྐྱབས།
དབྱངས། གངས་ཅན་པ་སྒྲོལ་མ་སྐྱབས།
༡.སྟེང་ཕྱོགས་ལྷ་ཡི་ཡུལ་ལ་ས་ཞིག་གཡར།ཉི་མ་ཟླ་བའི་ཐུགས་རྗེ་བྱིན་རླབས་གནང་།
བྲོ་ར་འཇའ་ཚོན་ཕྲ་མོའི་གདན་སྟེང་ལ།ལྷ་དང་ལྷ་མོ་དགྱེས་པའི་འཛོམས་བྲོ་ལྡིང་།
བཀྲ་ལ་སོ་ཤིས་སོང་།ཞབས་བྲོ་རེ་ཡག་སོང་།
ལྷ་དང་ལྷ་མོ་དགྱེས་པའི་འཛོམས་བ...

介绍: 【碌曲锅庄】欢聚乐园
དགྱེས་འཛོམས་བྲོ་ར།
ཚིག གངས་ཅན་པ་སྒྲོལ་མ་སྐྱབས།
དབྱངས། གངས་ཅན་པ་སྒྲོལ་མ་སྐྱབས།
༡.སྟེང་ཕྱོགས་ལྷ་ཡི་ཡུལ་ལ་ས་ཞིག་གཡར།ཉི་མ་ཟླ་བའི་ཐུགས་རྗེ་བྱིན་རླབས་གནང་།
བྲོ་ར་འཇའ་ཚོན་ཕྲ་མོའི་གདན་སྟེང་ལ།ལྷ་དང་ལྷ་མོ་དགྱེས་པའི་འཛོམས་བྲོ་ལྡིང་།
བཀྲ་ལ་སོ་ཤིས་སོང་།ཞབས་བྲོ་རེ་ཡག་སོང་།
ལྷ་དང་ལྷ་མོ་དགྱེས་པའི་འཛོམས་བྲོ་ལྡིང་།
༢.འོག་ཕྱོགས་ཀླུ་ཡི་ཡུལ་ལ་ས་ཞིག་གཡར།ཀླུ་རྒྱལ་དབང་བོས་ཐུགས་རྗེས་བྱིན་རླབས་གནང་།
བྲོ་ར་རིན་ཆེན་གཏེར་གྱི་བང་མཛོད་ནས།ཀླུ་དང་ཀླུ་མོ་དགྱེས་པའི་འཛོམས་བྲོ་ལྡིང་།
བཀྲ་ལ་སོ་ཤིས་སོང་།ཞབས་བྲོ་རེ་ཡག་སོང་།
ཀླུ་དང་ཀླུ་མོ་དགྱེས་པའི་འཛོམས་བྲོ་ལྡིང་།
༣.གངས་སྟོད་མཐོན་པོའི་ཡུལ་ནས་ས་ཞིག་གཡར།གངས་སེང་དཀར་མོས་ཐུགས་རྗེས་བྱིན་རླབས་གནང་།
བྲོ་ར་སྲིད་པ་ཆགས་པའི་ཡང་རྩེ་ནས། གངས་ཕྲུག་གཞོན་ནུ་དགྱེས་པའི་འཛོམས་བྲོ་ལྡིང་།
བཀྲ་ལ་སོ་ཤིས་སོང་།ཞབས་བྲོ་རེ་ཡག་སོང་།
གངས་ཕྲུག་གཞོན་ནུ་དགྱེས་པའི་འཛོམས་བྲོ་ལྡིང་།
༤.ཕྱུགས་ལོང་བཀྲ་ཤིས་ཐང་ནས་ས་ཞིག་གཡར།རྩ་བའི་བླ་མས་ཐུགས་རྗེ་བྱིན་རླབས་གནང་།
བྲོ་ར་ཀླུ་ཀླུང་དཀར་མོ་གཡས་འཁྱིལ་ནས།མི་ཕྱུགས་ལོ་ལེགས་རྒྱས་པའི་འཛོམས་བྲོ་ལྡིང་།
བཀྲ་ལ་སོ་ཤིས་སོང་།ཞབས་བྲོ་རེ་ཡག་སོང་།
མི་ཕྱུགས་ལོ་ལེགས་རྒྱས་པའི་འཛོམས་བྲོ་ལྡིང་།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息