《རྗེས་དྲན་དད་པའི་གདུང་དབྱངས》

创作翻唱 公保·Music 第203期 2019-12-19 创建 播放:44287

介绍: - གཞས་ཚིག

རྗེས་དྲན་དད་པའི་གདུང་དབྱངས།

ཚིག གཙང་མི་ཏིག།

དབྱངས། བློ་གསལ།

ལེན་མཁན། བློ་གསལ་དང་གངས་ཆེན་མཚོ།

↓ ↓ ↓

1 ཨེ་མ་ཧོ།

མདོ་སྔགས་བསྟན་པའི་སྒྲོན་མེ་འཇིག་རྟེན་ཁམས་སུ་ཤར།།

སྙིགས་དུས་འགྲོ་བའི་དེད་དཔོན་མི་ཡི་གཟུགས་སུ་བྱོན།།

སྐྱེས་མཆོག་ཨོ་རྒྱན་གཉིས་པ་གདུལ་བྱའི་མགོན་དུ་སྣང་།།

རྟ་ཁྱུང་རོལ་བའི་རྡོ་རྗེའི་ཞ...

介绍: - གཞས་ཚིག

རྗེས་དྲན་དད་པའི་གདུང་དབྱངས།

ཚིག གཙང་མི་ཏིག།

དབྱངས། བློ་གསལ།

ལེན་མཁན། བློ་གསལ་དང་གངས་ཆེན་མཚོ།

↓ ↓ ↓

1 ཨེ་མ་ཧོ།

མདོ་སྔགས་བསྟན་པའི་སྒྲོན་མེ་འཇིག་རྟེན་ཁམས་སུ་ཤར།།

སྙིགས་དུས་འགྲོ་བའི་དེད་དཔོན་མི་ཡི་གཟུགས་སུ་བྱོན།།

སྐྱེས་མཆོག་ཨོ་རྒྱན་གཉིས་པ་གདུལ་བྱའི་མགོན་དུ་སྣང་།།

རྟ་ཁྱུང་རོལ་བའི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།།

2

ཁམས་གསུམ་དབང་དུ་སྡུད་མཁས་བྱམས་ལྡན་སྤྲུལ་བའི་སྐུ།།

རྩ་གསུམ་དབྱེར་མེད་འཆིང་མཁས་སྙིང་རྗེ་དད་པའི་རྟེན།།

དུས་གསུམ་ལུང་དུ་རྟོགས་མཁས་བྱང་སེམས་གྲུབ་དབང་རྗེ།།

རྟོགས་ལྡན་རྟ་ཁྱུང་མཆོག་གི་བྱིན་རླབས་ཡིད་ལ་སྨིན།།

3

སྐྱབས་གཅིག་ཤཱཀྱའི་ཐུགས་སྲས་གངས་ཅན་ལྗོངས་སུ་བྱོན།།

ཚེ་གཅིག་དད་པའི་རྟེན་རབ་མདོ་སྨད་ཡུལ་དུ་འཁྲུངས།།

མགོན་གཅིག་སྤྲུལ་བའི་སྐུ་མཆོག་ཟལ་མོའི་སྒང་དུ་བལྟམས།།

ས་གསུམ་འགྲོ་དྲུག་དེད་དཔོན་སྟོབས་ལྡན་རྟ་ཁྱུང་མཁྱེན།།

4

ཕྱི་རྟགས་བསླབ་པའི་ཚུལ་ལྡན་སྐྱེས་མཆོག་རིགས་ཀྱི་བུ།།

ནང་རྟགས་སྒོམ་པའི་ཉམས་ཅན་བྱིན་ཅན་ཤཱ་རའི་བུ།།

གསེང་རྟགས་གྲུབ་པའི་གཏེར་སྟོན་རིག་ལྡན་སྐྱེས་བུ་མཆོག།

སྟོབས་ལྡན་རྟ་ཁྱུང་རོལ་བའི་རྡེ་རྗེར་གུས་པས་འདུད།།

5

སྲིད་ན་བཞུགས་ཚེ་སྐྱེ་དགུའི་སྐྱབས་གནས་དམ་པ་ཁྱེད།།

ཞིང་ལ་གཤེགས་ཚེ་འགྲོ་བའི་མགོན་པོའི་ལམ་འདྲེན་ཁྱེད།།

འབྲེལ་ཚད་ཐར་ལམ་སྟོན་མཁས་མཆོག་སྤྲུལ་རྟ་ཁྱུང་ཁྱེད།།

སླར་ཡང་བསྟན་འགྲོའི་དོན་དུ་འབྱོན་པར་ཐུགས་རྗེའི་གཟིགས།།

6

མར་གྱུར་འགྲོ་བའི་མགོན་པོ་ཆོས་ཀྱི་དབྱིངས་སུ་ཐིམས།།

སྔགས་འཆིང་རིག་པའི་རྡོ་རྗེ་བསྟན་འགྲོའི་དོན་དུ་བྱོན།།

དྲིན་ཅན་རྩ་བའི་བླ་མའི་གཟུགས་སྐུའི་བཀོད་པ་བསྡུས།།

ཡང་སྤྲུལ་གསེར་གྱི་ཉིན་བྱེད་འཆར་བར་ངང་གིས་སྒུག།

7

ཟབ་མོའི་ཆོས་ལ་མཁྱེན་རྒྱ་ཡངས་བ་དམ་པ་ཁྱེད།།

འཇིག་རྟེན་ལུགས་ལ་ཤེས་རྒྱ་ཆེ་བ་བླ་མ་ཁྱེད།།

ལུགས་གཉིས་བླངས་དོར་གནད་ལ་མཁས་པ་དེ་ཡང་ཁྱེད།།

རྩོད་མེད་འགྲོ་བའི་མ་མ་མ་འགྱང་མྱུར་དུ་ཕེབས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息