加怀 ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག

创作翻唱 天籁藏曲歌集 第183期 2019-10-15 创建 播放:17239

介绍: ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།
གངས་དཔལ་གྱིས་ཚིག་བརྩམས།
ཚེ་རིང་དོན་གྲུབ་ཀྱིས་དབྱངས་བརྩམས།
འཇམ་དཔལ་གྱིས་བླངས།

བྱིས་དུས་ཨ་མའི་སེམས་དཀར་ཁ་ཏ་ལ།།
དྲེད་ཕྲུག་རྒྱ་རིལ་ཟེར་བའི་སྒྲུང་ཞིག་བསླབས།།
བྱིའུ་ཆུང་མཐེབ་རིལ་ཟེར་བའི་གླུ་ཞིག་བསླབས།།
དེ་དུས་ཨ་མའི་བསམ་དོན་མ་གོ་ཡང་།།
བསླབ་བྱ་དྲོན་མོའི་བག་ཆགས་སེམས་ན་ཡོད།
ཡེ།
ཡ་རེས་ལེ...

介绍: ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།
གངས་དཔལ་གྱིས་ཚིག་བརྩམས།
ཚེ་རིང་དོན་གྲུབ་ཀྱིས་དབྱངས་བརྩམས།
འཇམ་དཔལ་གྱིས་བླངས།

བྱིས་དུས་ཨ་མའི་སེམས་དཀར་ཁ་ཏ་ལ།།
དྲེད་ཕྲུག་རྒྱ་རིལ་ཟེར་བའི་སྒྲུང་ཞིག་བསླབས།།
བྱིའུ་ཆུང་མཐེབ་རིལ་ཟེར་བའི་གླུ་ཞིག་བསླབས།།
དེ་དུས་ཨ་མའི་བསམ་དོན་མ་གོ་ཡང་།།
བསླབ་བྱ་དྲོན་མོའི་བག་ཆགས་སེམས་ན་ཡོད།
ཡེ།
ཡ་རེས་ལེན།
ཞང་རྒྱ་གི་ལོ་ལོ། ཞང་རྒྱ་གི་ལོ་ལོ།
མགོན་མེད་གྲོགས་སུ་བཀུར་བ་དེ་ནས་བསླབས།།
ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།།
རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།

བྱིས་དུས་ཨ་མའི་སེམས་དཀར་ཁ་ཏ་ལ།།
མེ་ཏོག་བཏོག་ན་སྐྱེ་གཟུགས་མི་ཡག་ཟེར།།
ཆུ་མོ་རྙོག་ན་ཚེ་ཐག་མི་རིང་ཟེར།
དེ་དུས་ཨ་མའི་བསམ་དོན་མ་གོ་ཡང་།།
བསླབ་བྱ་དྲོན་མོའི་བག་ཆགས་རྐང་ན་ཡོད།།
ཡེ།
ཡ་རེས་ལེན།
ཞང་རྒྱ་གི་ལོ་ལོ། ཞང་རྒྱ་གི་ལོ་ལོ།
སྐྱེ་དངོས་གྲོགས་སུ་ལྟ་བ་དེ་ནས་བསླབས།།
ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།།
རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།

བྱིས་དུས་ཨ་མའི་ཞི་འཇམ་ཞལ་གསུང་དུ།།
འོ་མའི་བཅུད་ལ་རོལ་བའི་ཕ་ཡུལ་ཆགས།།
ཡངས་པའི་རྩྭ་ཐང་མེ་ལོང་ལྗང་སྨུག་ཡིན།།
སྤྲིན་དཀར་ལུག་ཁྱུ་གཡོ་བའི་ནམ་མཁའ་དེའི།།
ང་ནི་ཆར་ཐིགས་ནང་གི་སྣང་བ་ཡིན།།
ཡེ།
ཡ་རེས་ལེན།
ཞང་རྒྱ་གི་ལོ་ལོ། ཞང་རྒྱ་གི་ལོ་ལོ།
ད་ལྟ་ཨ་མའི་སྐྲ་ལོ་ཁ་བ་འདྲ།།
སེམས་ཀྱི་སྨྲེང་ཞེན་བྲུགས་པའི་གཙང་བོ་རེད།།
སྨྲེང་ཞེན་བྲུགས་པའི་གཙང་བོ་རེད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息