赛吉·东主 ཨ་གསར་མ།

创作翻唱 天籁藏曲歌集 第180期 2019-08-30 创建 播放:12955

介绍: ཨ་གསར་མ།
ཚིག-བསེ་སྐྱེས་དོན་འགྲུབ
དབྱངས-བསེ་སྐྱེས་དོན་འགྲུབ
གཞས་པ-བསེ་སྐྱེས་དོན་འགྲུབ

ཨ་གསར་མ།
ཁྱོད་ཀྱིས་བཤད་ཚད་རྫུན་དུ་གྱུར་སོང་།
ངེད་གཉིས་འཕྲད་མ་ཐག་པའི་འཛུམ་མདངས་དེ་མཛེས་ཀྱང་། ཁྱོད་རང་ཨ་གསར་དང་འགྲོགས་ནས་ཡུལ་ལུང་གཞན་ཞིག་ལ་ཆས་ཚེ།
ཁྱོད་ཀྱི་ཤུལ་བཞག་གི་བག་ཆགས་དེ་ང་ཡི་སྐྱོ་བའི་གཞི་མ་རུ་གྱུར་སོང་།

ཨ་གསར་མ་་་་་་་་...

介绍: ཨ་གསར་མ།
ཚིག-བསེ་སྐྱེས་དོན་འགྲུབ
དབྱངས-བསེ་སྐྱེས་དོན་འགྲུབ
གཞས་པ-བསེ་སྐྱེས་དོན་འགྲུབ

ཨ་གསར་མ།
ཁྱོད་ཀྱིས་བཤད་ཚད་རྫུན་དུ་གྱུར་སོང་།
ངེད་གཉིས་འཕྲད་མ་ཐག་པའི་འཛུམ་མདངས་དེ་མཛེས་ཀྱང་། ཁྱོད་རང་ཨ་གསར་དང་འགྲོགས་ནས་ཡུལ་ལུང་གཞན་ཞིག་ལ་ཆས་ཚེ།
ཁྱོད་ཀྱི་ཤུལ་བཞག་གི་བག་ཆགས་དེ་ང་ཡི་སྐྱོ་བའི་གཞི་མ་རུ་གྱུར་སོང་།

ཨ་གསར་མ་་་་་་་་ཨ་གསར་མ།
ཁྱོད་ནི་ལ་ཁའི་དར་ལྕོག་བཞིན་དུ་གང་སར་བསྐྱོད།
ཁྱོད་ནི་ལུང་ཁའི་ཆུ་བོ་བཞིན་དུ་གང་སར་བཞུར་སོང་།
རྟག་བརྟན་དང་འགྱུ་གནས་གང་ཡང་མེད་པའི་ཨ་གསར་ཁྱོད།
གཞན་ཡུལ་འགྲིམས་སོང་།

ཨ་གསར་མ།
ཁྱོད་ཀྱིས་གླེང་ཚུལ་འཇའ་ལྟར་ཡལ་སོང་།
སྔོན་ལ་བཤད་པའི་སྙིང་གཏམ་དག་རྣ་ལ་སྙན་ཡང་།
ཁྱོད་ཀྱིས་དམ་བཅའ་ཡི་རི་མོ་དག་ཆུ་ལ་བསྐུར་བའི་རྗེས་སུ།
ཁྱོད་ཀྱིས་བཤད་པ་དག་ང་ཡི་སེམས་ཁོང་ན་སྡུག་གི་གཞི་མ་རུ་གྱུར་སོང་།

ཨ་གསར་མ་་་་་་་ཨ་གསར་མ།
ཁྱོད་ནི་གྱང་ཁའི་རྩྭི་ཏོག་བཞིན་དུ་གང་སར་བསྐྱོད།
ཁྱོད་ནི་རླུང་ཁའི་མར་མེ་བཞིན་དུ་གློ་བུར་གཟིམས་སོང་།
བརྟན་ཚུགས་དང་བརྩེ་སེམས་ཅི་ཡང་མེད་པའི་ཨ་གསར་ཁྱོད།
གཞན་ཡུལ་འགྲིམས་སོང་།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息