介绍: བསམ་འགྲུབ་ཀྱི་རྟ་ཕོ།
ཚིག འཇུ་སྐལ་བཟང་།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
ལེན་མཁན། མགོ་ལོག་རྒྱལ་མཚན།
་ ་ ་
རྟ་ཕོ་ཡ་རྟ་ཕོ།
བསམ་འགྲུབ་ཀྱི་རྟ་ཕོ།
རྫས་དུད་ཀློང་གི་མེ་ཞགས་དམར་པོ།
བཙན་གྱི་མདའ་མོའི་གཤོག་རྒོད་གཡས་གཡོན།
དམར་ནག་དེབ་ཐེར་གྱི་ཉིན་དང་སྲིབ་ལ།
རྡོ་རྗེའི་རྨིག་མར་ཞིག་ཁྱོད་ཀྱིས་ཕབས་ཡོད།
དེ་རིང་དབང་ཐང་གི་དར་རྒུད་...
介绍: བསམ་འགྲུབ་ཀྱི་རྟ་ཕོ།
ཚིག འཇུ་སྐལ་བཟང་།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
ལེན་མཁན། མགོ་ལོག་རྒྱལ་མཚན།
་ ་ ་
རྟ་ཕོ་ཡ་རྟ་ཕོ།
བསམ་འགྲུབ་ཀྱི་རྟ་ཕོ།
རྫས་དུད་ཀློང་གི་མེ་ཞགས་དམར་པོ།
བཙན་གྱི་མདའ་མོའི་གཤོག་རྒོད་གཡས་གཡོན།
དམར་ནག་དེབ་ཐེར་གྱི་ཉིན་དང་སྲིབ་ལ།
རྡོ་རྗེའི་རྨིག་མར་ཞིག་ཁྱོད་ཀྱིས་ཕབས་ཡོད།
དེ་རིང་དབང་ཐང་གི་དར་རྒུད་ཀྱིས་ཁུར་ཡོད།
སྐྱེས་ཕོ་རབ་ཀྱི་འགྲོ་ཡ་འདུག་རོགས།
ལས་སྐྱིད་སྡུག་གི་སྐྱ་ཡ་སྐྱོ་གྲོགས།
རྣོ་རལ་གྲིའི་སོ་ཁ་རྨིག་རྩེ་ཡིས་འགྲེམ་ཉིན།
བུ་དཔའ་བོའི་རྒྱལ་ཕམ་རྒྱབ་གཞུང་དུ་ལེན་མཁན།
ཁྱོད་ཡིན་ཡ། རྟ་ཕོ།
བསམ་འགྲུབ་ཀྱི་རྟ་ཕོ།
རྒྱུགས་ཡ་དཀྱུས་ཡ། དཀྱུས་ཡ་རྒྱུགས་ཡ། རྟ་ཕོ་ཡ་རྟ་ཕོ།
རྒྱུགས་ཡ་དཀྱུས་ཡ། དཀྱུས་ཡ་རྒྱུགས་ཡ། རྟ་ཕོ་ཡ་རྟ་ཕོ།
རྩྭ་སྐྱ་སྔོ་འབྲོག་པའི་ལོ་ཟླ་ལ།
གཡང་ཁྱོད་དང་མི་འབྲལ་བཀྲ་ཤིས་ཤོག
་ ་ ་
རྟ་ཕོ་ཡ་རྟ་ཕོ།
བསམ་འགྲུབ་ཀྱི་རྟ་ཕོ།
བསང་དུད་མགོ་མ་གཡས་སྐོར་བྱས་ཡོད།
ཀི་ཀི་བསྭོ་བསྭོས་བང་ཁ་གང་ཡོད།
འཚོ་བའི་གླེགས་བམ་གྱི་སྟོད་ཆ་སྨད་ཆ།
གོ་འགྲོས་བདེ་ལྕག་གིས་བམ་ཀློག་བྱས་ཡོད།
དེ་རིང་དབང་ཐང་གི་དར་རྒུད་ཁྱོད་ཀྱིས་ཁུར་ཡོད།
སྐྱེས་ཕོ་རབ་ཀྱི་འགྲོ་ཡ་འདུག་རོགས།
ལས་སྐྱིད་སྡུག་གི་སྐྱ་ཡ་སྐྱོ་གྲོགས།
ཟླ་དྲུག་པའི་མེ་ཏོག་རྨིག་བཞི་ཡིས་འགྲེམ་ཉིན།
ངའི་རེ་བའི་རླུང་རྟ་ནམ་མཁའ་ལ་ཕྱར་མཁན།
ཁྱོད་ཡིན་ཡ། རྟ་ཕོ།
བསམ་འགྲུབ་ཀྱི་རྟ་ཕོ།
རྒྱུགས་ཡ་དཀྱུས་ཡ། དཀྱུས་ཡ་རྒྱུགས་ཡ། རྟ་ཕོ་ཡ་རྟ་ཕོ།
རྒྱུགས་ཡ་དཀྱུས་ཡ། དཀྱུས་ཡ་རྒྱུགས་ཡ། རྟ་ཕོ་ཡ་རྟ་ཕོ།
རྩྭ་སྐྱ་སྔོ་འབྲོག་པའི་ལོ་ཟླ་ལ།
གཡང་ཁྱོད་དང་མི་འབྲལ་བཀྲ་ཤིས་ཤོག
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息