冷智 མཛེས་སྡུག་གི་ཕ་ཡུལ།

创作翻唱 天籁藏曲歌集 第170期 2019-08-11 创建 播放:13018

介绍: མཛེས་སྡུག་གི་ཕ་ཡུལ།
ཚིག ཆུ་བ་རྒྱལ་བྷ།
དབྱངས། ལྷུན་འགྲུབ།
ལེན་མཁན། རྨ་གླིང་གླུ་བ་ལྷུན་འགྲུབ།

མཛེས་སྡུག་གི་ཕ་ཡུལ་དེ།
གངས་རིའི་ལྗོངས་ན་ཡོད།
གངས་དཀར་གྱི་མཆོད་རྟེན།
གཡུ་མདོག་གི་མཚོ་མོ་འཁྱིལ་བའི་ཕ་ཡུལ་དྲན།
ཆུ་གཙང་བོ་ཐམས་ཅད་གངས་རི་ནས་བཞུར་ཡོང་།
གངས་རྒྱན་གྱི་མེ་ཏོག་གངས་སྟེང་དུ་བཞད་ཡོད།
གངས་དཀར་པོའི་འདབས་ནས།
ལང་ཚོ་ཡི...

介绍: མཛེས་སྡུག་གི་ཕ་ཡུལ།
ཚིག ཆུ་བ་རྒྱལ་བྷ།
དབྱངས། ལྷུན་འགྲུབ།
ལེན་མཁན། རྨ་གླིང་གླུ་བ་ལྷུན་འགྲུབ།

མཛེས་སྡུག་གི་ཕ་ཡུལ་དེ།
གངས་རིའི་ལྗོངས་ན་ཡོད།
གངས་དཀར་གྱི་མཆོད་རྟེན།
གཡུ་མདོག་གི་མཚོ་མོ་འཁྱིལ་བའི་ཕ་ཡུལ་དྲན།
ཆུ་གཙང་བོ་ཐམས་ཅད་གངས་རི་ནས་བཞུར་ཡོང་།
གངས་རྒྱན་གྱི་མེ་ཏོག་གངས་སྟེང་དུ་བཞད་ཡོད།
གངས་དཀར་པོའི་འདབས་ནས།
ལང་ཚོ་ཡི་མེ་ཏོག་རྒྱས་སའི་ངའི་ཕ་ཡུལ།

ཡིད་འཕྲོག་གི་ཕ་ཡུལ་དེ།
གངས་རིའི་ལྗོངས་ན་ཡོད།
ལྗང་མདོག་གི་རྫ་རི།
མཐིང་སྨུག་གི་སྦྲ་ནག་ཕུབ་སའི་ངའི་ཕ་ཡུལ།
རྫ་རི་ལུང་ཐམས་ཅད་ནོར་ལུག་གིས་ཁེབས་ཡོད།
སྤང་རྒྱན་གྱི་མེ་ཏོག་སྤང་སྟེང་དུ་བཞད་ཡོད།
སྤང་ལྗོངས་ཀྱི་སྟེང་ནས།
དབེན་འཇགས་ཀྱི་འཚོ་བ་རོལ་སའི་ངའི་ཕ་ཡུལ།

ངོ་མཚར་གྱི་ཕ་ཡུལ་དེ།
གངས་རིའི་ལྗོངས་ན་ཡོད།
ཤ་ཐུད་ཀྱི་སྡེར་ཁ།
ཇ་ཆང་གི་ཞིམ་མངར་འཁྱིལ་བའི་ཕ་ཡུལ་དྲན།
ཕ་མ་དང་མིང་སྲིང་སྤུན་གྲོགས་དང་གཉེན་ཉེ།
ང་རང་གི་གླུ་སྐད་སྦྲ་འདབས་ནས་གྱེར་བ།
ལྷན་འཛོམས་ལ་རེ་བའི།
བུ་ཆུང་གིས་ཕ་ཡུལ་ཕྱོགས་ལ་དྲན་གླུ་ལེན།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息