介绍: རྨ་ཁྲི་སྡེ་ནོར་བུའི་གཏེར་རྫོང་།
玛域万户宝地
གཞས་ཚིག རྨ་ཙན་དན་གྱིས་བརྩམས།
དབྱངས། ཤེར་བྷ།
ལེན་མཁན། ཐར་ཤུལ: བསོད་ནམས་ཚེ་རིང་། དཔལ་མགོན། བཀྲ་ཤིས་དོན་འགྲུབ།
༼༡༽
ས་ཆེན་གྱི་མཁའ་ན་འཕགས་པའི།
བྱམས་སེམས་དང་བརྩེ་བ་ཡི་ཉིང་ཁུ།
སྙིང་སྟོབས་དང་ལ་རྒྱ་ཡི་གསོན་ཤུགས།
ཁྱེད་ནི་ན་ཆུང་དུས་ཁ་ལ་བཏུང་བའི་བདུ...
介绍: རྨ་ཁྲི་སྡེ་ནོར་བུའི་གཏེར་རྫོང་།
玛域万户宝地
གཞས་ཚིག རྨ་ཙན་དན་གྱིས་བརྩམས།
དབྱངས། ཤེར་བྷ།
ལེན་མཁན། ཐར་ཤུལ: བསོད་ནམས་ཚེ་རིང་། དཔལ་མགོན། བཀྲ་ཤིས་དོན་འགྲུབ།
༼༡༽
ས་ཆེན་གྱི་མཁའ་ན་འཕགས་པའི།
བྱམས་སེམས་དང་བརྩེ་བ་ཡི་ཉིང་ཁུ།
སྙིང་སྟོབས་དང་ལ་རྒྱ་ཡི་གསོན་ཤུགས།
ཁྱེད་ནི་ན་ཆུང་དུས་ཁ་ལ་བཏུང་བའི་བདུད་རྩི།
ཁྱེད་ནི་ལུས་རྒས་དུས་ཟུངས་ཁྲག་རྒྱུ་བའི་དྭངས་མ།
ཨ་་་་་ཁྲི་སྡེ་ཡ་་་་རྨ་ཁྲི་སྡེ་ནོར་བུའི་གཏེར་རྫོང་།
ང་ཁྱོད་ཀྱི་པང་ནས་གཉོམ་ལག་རྒྱས་ཡོད།
ང་ཁྱོད་ཀྱི་མཐུ་ལས་གཤོག་རྩལ་འཛོམས་ཡོད།
ང་ནམ་ཡང་ཁྱེད་ཀྱི་བརྩེ་བའི་མིག་ལམ་ན་འབུས་ཡོད།
ཁྱོད་ནམ་ཡང་བདག་གི་སེམས་གྱི་གུར་ཁང་ན་བཞུགས་ཡོད།
༼༢༽
གངས་དཀར་གྱི་ཕྲེང་ཐག་ལ་བརྒྱུས་པའི།
རེ་བ་དང་སྨོན་པ་ཡི་མེ་ཏོག
བསོད་ནམས་དང་ལས་དབང་གི་བསྐོས་ཐང་།
ཁྱེད་ནི་ཕྱི་ཟླ་མེད་གནམ་ལྕགས་ཟིལ་བའི་སྐུ་མཁར།
ཁྱེད་ནི་ནང་མཚུངས་མེད་ཀུན་དགའ་ར་བའི་སྣོད་བཅུད།
ཨ་་་བཅུ་གསུམ་ཡ་་་ངའི་སྡོང་གྲོགས་རྩེ་ལྷ་བཅུ་གསུམ།
ང་ཁྱོད་ཀྱི་པང་ནས་གཉོམ་ལག་རྒྱས་ཡོད།
ང་ཁྱོད་ཀྱི་མཐུ་ལས་གཤོག་རྩལ་འཛོམས་ཡོད།
ང་ནམ་ཡང་ཁྱེད་ཀྱི་བརྩེ་བའི་མིག་ལམ་ན་འབུས་ཡོད།
ཁྱོད་ནམ་ཡང་བདག་སེམས་གྱི་གུར་ཁང་ན་བཞུགས་ཡོད།
༼༣༽
ཉི་ཟླ་ཡི་དཀྱིལ་འཁོར་ནས་འཁྲུངས་བའི།
དབྱངས་གསལ་དང་ཤེས་རིག་གི་རྦ་རླབས།
རྨི་ལམ་དང་གཞོན་རབས་ཀྱི་ལམ་རྒྱག
ཁྱེད་ནི་ཕྱི་ཟོལ་མེད་ཁྲི་གདུགས་ཉི་མའི་གཟི་འོད།
ཁྱེད་ནི་ནང་བསླད་མེད་ཞལ་གསུངས་མར་ཁུའི་མཚོ་མོ།
ཨ་་་་་་་མཚོ་མོ་ཡ་་་་་ངའི་བླ་མཚོ་སྐྱ་སྔོ་གྲོ་གསུམ།
ང་ཁྱོད་ཀྱི་པང་ནས་གཉོམ་ལག་རྒྱས་ཡོད།
ང་ཁྱོད་མཐུ་ལས་གཤོག་རྩལ་འཛོམས་ཡོད།
ང་ནམ་ཡང་ཁྱོད་ཀྱི་བརྩེ་བའི་མིག་ལམ་ན་འབུས་ཡོད།
ཁྱོད་ནམ་ཡང་བདག་གི་སེམས་གྱི་གུར་ཁང་ན་བཞུགས་ཡོད།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息