洛赛 ནམ་ཡང་ཁྱེད་ཉིད་དྲན་ཡོང་།

创作翻唱 天籁藏曲歌集 第158期 2019-07-15 创建 播放:57043

介绍: ནམ་ཡང་ཁྱེད་ཉིད་དྲན་ཡོང་།
ཚིག ཁ་སྒང་སྤྱན་འབངས།
དབྱངས། བློ་གསལ།
ལེན་མཁན། བློ་གསལ།

ཕ་ས་གངས་ཅན་ཁ་བའི་ཡུལ་འདི་ན།།
ནམ་ཡང་གཟིམ་མེད་མཛད་རྗེས་སྙིང་སྟོབས་ཤིག།
མཛད་རྗེས་སེམས་ཀྱིས་མཇལ་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།
སྙིང་སྟོབས་སེམས་ཀྱིས་བཙལ་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།

ཆོལ་གསུམ་སྤུན་ཟ...

介绍: ནམ་ཡང་ཁྱེད་ཉིད་དྲན་ཡོང་།
ཚིག ཁ་སྒང་སྤྱན་འབངས།
དབྱངས། བློ་གསལ།
ལེན་མཁན། བློ་གསལ།

ཕ་ས་གངས་ཅན་ཁ་བའི་ཡུལ་འདི་ན།།
ནམ་ཡང་གཟིམ་མེད་མཛད་རྗེས་སྙིང་སྟོབས་ཤིག།
མཛད་རྗེས་སེམས་ཀྱིས་མཇལ་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།
སྙིང་སྟོབས་སེམས་ཀྱིས་བཙལ་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།

ཆོལ་གསུམ་སྤུན་ཟླ་རེ་རེའི་སེམས་ཁོང་ན།།
ནམ་ཡང་འཛད་མེད་སྐྱོ་གདུང་མིག་ཆུ་ཞིག།
སྐྱོ་བ་ཡིད་ལ་འཁོར་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།
མིག་ཆུ་སེམས་ལ་ལྷུང་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།

འདས་སོང་ལོ་ཟླ་ནག་པོའི་གས་སྲུབ་ན།།
ནམ་ཡང་སྲོན་མེད་ན་ཟུག་གཏམ་རྒྱུད་ཅིག།
ན་ཟུག་སེམས་ཀྱིས་མྱངས་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།
གཏམ་རྒྱུད་སེམས་ཀྱིས་བཀླགས་ན་བུ་ཆུང་ངས།།
པཎ་ཆེན་བླ་མ་ཁྱེད་ཉིད་དྲན་གི་ཡོད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息