ཉི་མའི་བུ་རྒྱུད་ཀྱི་རྡུང་ལེན།

创作翻唱 多旦Duodan-VideoMusic 第6期 2019-06-15 创建 播放:16563

介绍: བུ་ལ་གདམས་པའི་མགུར།

ཚིག་རྩོམ་མཁན། སྦྲ་ནག་བརྩོན་འགྲུས་རྒྱ་མཚོ།
དབྱངས་རྩོམ་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
རྡུང་ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

གྲོགས་མ་ཤི་གསོན་བྲལ་མ་བྱེད།།
ཤི་སོང་ན་ཐམས་ཅད་རོ་ཡིན།།
དགོས་མི་དགོས་ཐམས་ཅད་མ་རྩོད།།
འདས་སོང་ན་རང་གི་འགྱོད་ཡིན།།

ས་ཆེན་པོ་སེར་ཀ་གས་འགྲོ།།
སེམས་བསམ་པ་གས་མེད་ཀྱིས་ཤིག།
གནམ...

介绍: བུ་ལ་གདམས་པའི་མགུར།

ཚིག་རྩོམ་མཁན། སྦྲ་ནག་བརྩོན་འགྲུས་རྒྱ་མཚོ།
དབྱངས་རྩོམ་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
རྡུང་ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

གྲོགས་མ་ཤི་གསོན་བྲལ་མ་བྱེད།།
ཤི་སོང་ན་ཐམས་ཅད་རོ་ཡིན།།
དགོས་མི་དགོས་ཐམས་ཅད་མ་རྩོད།།
འདས་སོང་ན་རང་གི་འགྱོད་ཡིན།།

ས་ཆེན་པོ་སེར་ཀ་གས་འགྲོ།།
སེམས་བསམ་པ་གས་མེད་ཀྱིས་ཤིག།
གནམ་སྔོན་པོ་སྔོ་མདངས་འགྱུར་འགྲོ།།
ངོ་འཛུམ་མདངས་འགྱུར་མེད་ཀྱིས་ཤིག།

སེམས་བསམ་པའི་གཏིང་གི་མི་ལ།།
ཚིག་རྩུབ་མོ་འཆོར་གི་མ་འཇུག།
ཆུང་ཚེ་གྲོགས་གོ་བ་ལོག་འགྲོ།།
ཤ་ཚ་བའི་དོན་དེ་མི་གོ།

སྡེ་ཆེན་པོའི་ཁ་བ་འགོ་བའི།།
ཐུགས་ཞལ་བརྩེ་མ་ཐོབ་སྐྱོན་མེད།
ནང་ན་ཟླའི་བརྩེ་བ་དྲོན་མོ།།
ཐོབ་མ་ཐུབ་རང་གི་སྐྱོན་ཡིན།།

སྐྱོན་ང་ཡོད་ཟེར་ནས་མ་འདུག།
སྐྱོན་ཤེས་ན་བཅོས་ཐབས་གནང་རོགས།།
སྐྱིད་འཇིག་རྟེན་སྟེང་གི་འཚོ་བ།།
སེམས་རྙེད་ལེར་རོལ་ན་དོན་མེད།།

ཟས་ཞིམ་པོ་རང་ལ་འཛོམས་ན།།
ཆུང་རྩེད་རོགས་སེམས་ནས་མ་བརྗེད།།
ཁྱོད་སྡུག་རོགས་མེད་ན་སྐྱོན་མེད།།
ཁྱོད་དགའ་རོགས་ཡོད་ན་དེའི་ཆོག།

ཟས་གོས་མེད་ཐབས་ཆག་བྱུང་ན།།
ནང་ཕུ་ནུར་རེ་བ་མ་འཛིན།།
ནང་ཕུ་ནུས་སྡུག་དེ་བསྲན་ཡོད།།
སྡུག་ན་བསྲོན་མེད་ན་བུ་མིན།།

བཟང་རྒྱལ་ཁའི་ཕྱོགས་ལ་མ་བྲེལ།།
བཟང་རྒྱལ་ཁའི་རྗེས་ན་འགྱོད་ཡོད།།
སྡུག་དཀའ་ངལ་ཕྲག་ལ་ལོངས་དང་།།
བཟང་རྒྱལ་ཁའི་ཡོངས་ཁུངས་དེ་ཡིན།།

ཁྱོས་ཁ་བདེ་ལྕེ་བདེ་མ་བྱེད།།
ཕྱི་སྡེ་བའི་མཚར་ཉམས་བཟུང་རུང་།།
ལྕེ་བདར་ས་རང་གི་གྲོགས་ཡིན།།
ལོ་ཉི་མ་རང་ལ་ཤོར་འགྲོ།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息