2019ནམ་མཁའ་གཞས་གསར《དཔལ་ས་ར་ཧ་པ།》

创作翻唱 公保·Music 第150期 2019-05-24 创建 播放:26857

介绍: - གཞས་ཚིག  

-དཔལ་ས་ར་ཧ་པ།

ཚིག་རྩོམ། སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།   

གཞས་པ། ཉི་མའི་བུ་རྒྱུད་ནམ་མཁའ། 

ཚེ་སྔོན་ཚོགས་བསགས་ཉུང་བའི་མི་དག་གིས།  །

ཁ་རྒྱབ་དཀོན་ཞིང་རྒྱབ་རྩ་ཆད་པ་དང་།  །

མི་ཚེའི་ལམ་ཁ་ནུས་པས་མ་འཁྱོངས་པར།  །

དཀའ་སྡུག་ལས་ཀྱིས་མྱོང་བ་ཨ་རེ་སྐྱོ།  །

ཁོང་ལ་མཛོད་དང་སྦྱིན་པ་མ་གནང་ཡང་།  །

རང་གི་ཡོད་རྒུའ...

介绍: - གཞས་ཚིག  

-དཔལ་ས་ར་ཧ་པ།

ཚིག་རྩོམ། སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།   

གཞས་པ། ཉི་མའི་བུ་རྒྱུད་ནམ་མཁའ། 

ཚེ་སྔོན་ཚོགས་བསགས་ཉུང་བའི་མི་དག་གིས།  །

ཁ་རྒྱབ་དཀོན་ཞིང་རྒྱབ་རྩ་ཆད་པ་དང་།  །

མི་ཚེའི་ལམ་ཁ་ནུས་པས་མ་འཁྱོངས་པར།  །

དཀའ་སྡུག་ལས་ཀྱིས་མྱོང་བ་ཨ་རེ་སྐྱོ།  །

ཁོང་ལ་མཛོད་དང་སྦྱིན་པ་མ་གནང་ཡང་།  །

རང་གི་ཡོད་རྒུའི་གཞན་ལ་བདེ་བ་བསྐྲུན།  །

སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན་ལམ་ཞུ།  །

མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག  །

ཧམ་ཆེན་རིགས་ཞེན་བོར་བའི་མི་དག་གིས།  །

ཚེ་འདི་ཁོ་ནའི་ཁ་དགེ་དོན་འགྲུབ་ཕྱིར།  །

མེས་པོའི་ཤུལ་བཞག་རིན་ཆེན་ནོར་བུའི་རིགས།  །

རིགས་རྒྱུད་གཞན་ལ་འཚོང་བ་ཨ་རེ་སྐྱོ།  །

ཁོང་ནི་མེས་པོས་ར་མདར་མ་མངགས་ཀྱང་།  །

རེ་རེ་བཙལ་ནས་རིན་ཆེན་རྟེན་མཛོད་བཞེངས།  །

སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན་ལམ་ཞུ།  །

མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག  །

ཁོང་ནི་འོ་མའི་མཚོ་ལས་མ་འཁྲུངས་ཀྱང་།  །

སེམས་ལ་བྱམས་བརྩེ་འོ་མའི་རྒྱ་མཚོ་འཁྱིལ།  །

ཁོང་ནི་དམར་པོ་མེ་ཡིས་མ་གྲུབ་ཀྱང་།  །

རྒྱལ་ཁམས་བདེ་བའི་སྤོབས་པ་མེ་ལྟར་འབར།  །

ཁོང་ནི་ཉི་ཟླའི་འཁོར་ལས་མ་བྱོན་ཡང་།  །

རྒྱལ་ཁམས་ཉི་ཟླ་བཞིན་དུ་རིག་པས་བསྐོར།  །

སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན་ལམ་ཞུ།  །

མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །

收起
节目包含歌曲列表(1首歌)
加载中...
  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息