骏马的悲伤 夏尔措 班措

创作翻唱 多哇奥赛音乐平台 第85期 2019-05-19 创建 播放:6647

介绍: གཤིབ་རྟའི་སྐད་སྐུར།

ཚིག སྨིན་ཕུར།

པད་མཚོ་དང་ཤར་མཚོ་གཉིས་ཀྱིས་བླངས།

ང་བྱོལ་སོང་རྩྭ་ཟན་ཞིག་གིས།།

ཁྱོད་ཤེས་ལྡན་མགོ་ནག་བོད་ལ།།

སྐད་མ་སྐུར་ཐབས་མེད་བྱུང་ནས།།

ཆ་ཚིག་གསུམ་ཕྲིན་དུ་བསྐུར་ཡོད།།

ཕྱོགས་སོ་སོའི་རྟ་གཤིབ་ཐོག་ཏུ།།

ངས་སྡུག་བསྔལ་ཚད་མེད་མྱོང་བ།།

ང་འདྲ་འདྲའི་གཤིབ་རྟ་ཚང་མའི།།

ཚབ་བྱས་ནས་བདག་པོར་ཞུ་རྒྱ...

介绍: གཤིབ་རྟའི་སྐད་སྐུར།

ཚིག སྨིན་ཕུར།

པད་མཚོ་དང་ཤར་མཚོ་གཉིས་ཀྱིས་བླངས།

ང་བྱོལ་སོང་རྩྭ་ཟན་ཞིག་གིས།།

ཁྱོད་ཤེས་ལྡན་མགོ་ནག་བོད་ལ།།

སྐད་མ་སྐུར་ཐབས་མེད་བྱུང་ནས།།

ཆ་ཚིག་གསུམ་ཕྲིན་དུ་བསྐུར་ཡོད།།

ཕྱོགས་སོ་སོའི་རྟ་གཤིབ་ཐོག་ཏུ།།

ངས་སྡུག་བསྔལ་ཚད་མེད་མྱོང་བ།།

ང་འདྲ་འདྲའི་གཤིབ་རྟ་ཚང་མའི།།

ཚབ་བྱས་ནས་བདག་པོར་ཞུ་རྒྱུ།།

སྟོད་ཡོས་ཀི་གྱ་སྟོན་རན་དུས།།

རྒྱུག་དགོས་ནོ་འདོ་བ་ང་ཡིན།།

སྐོམ་དགོས་ནོ་འདོ་བ་ང་ཡིན།།

ལྟོགས་དགོས་ནོ་འདོ་བ་ང་ཡིན།།

སྨད་མོས་ཀི་གཉེན་སྟོན་རན་དུས།།

རྩྭ་བརྒྱག་ཚིགས་ཟ་རྒྱུ་མ་དགོས།།

སྐོམ་སོད་པའི་འཐུང་ཆུ་ཕར་ཞོག །

ལྕག་ཚ་མོས་གཞུ་ས་ང་རེད།།

ཐད་གན་ནས་རྫོང་སྟོན་རན་དུས།།

རྨིད་ལྔ་སྟོང་ཆིག་ཁྲི་བརྩིས་ནས།།

དབུགས་གཅིག་རྩེགས་གཉིས་རྩེགས་བྱས་ཏེ།།

རྒྱུག་དགོས་པ་ལས་ངན་ང་རེད།།

ཆུང་བྱིས་པའི་ནེའུ་སྟོན་རན་ན།།

སྒར་དགོན་པའི་ཆོས་སྟོན་རན་ན།།

སྟག་ཤར་ལོའི་རྒྱན་ཚོང་རན་ན།།

སྡུག་མྱང་ནོ་འདོ་བ་ང་ཡིན།།

དབྱར་མེ་ཏོག་རྩི་ཤིང་ཟེར་ནོ།།

ཟོས་བཞག་ན་བདུད་རྩི་སྨན་རེད།།

རིག་བཞག་ན་དག་པའི་ཞིང་རེད།།

ཁས་ཟ་རྒྱུའི་གོ་སྐབས་མ་དགོས།།

གཅིག་རིག་རྒྱུའི་ལས་དབང་ཕྲ་གི།

ང་འགྲོ་སྣོད་ལྕགས་སྒམ་ནང་རེད།།

བཙོན་ནག་པོ་ཁང་བའི་ཐུ་རེད།།

ང་འདུག་ས་འདམ་ལུད་ནང་རེད།།

འགྲོ་ཟེར་ན་རྐང་ལག་སྒྲོག་ཡོད།།

ཟ་ཟེར་ན་ཁ་སྲབ་བཞག་ཡོད།།

ཁ་རྒྱ་གཞུ་འདྲ་ཞིག་བཀུག་ཡོད།།

ནག་རིལ་ལེ་སྡུག་སྒུར་བྱས་ཡོད།།

རང་གང་འདོད་ས་རུ་སོང་སྟེ།།

རྩྭ་གང་ཡག་གང་ཞིམ་ཟོས་ནས།།

ཆུ་དྭངས་མོ་གང་འདོད་འཐུང་བའི།།

རྟ་འདོ་བ་རིག་ན་སྨོན་ཀི།

ལུས་ཆད་ནས་རྔུལ་ཆུས་བརླན་ཐལ།།

སྡུག་རིག་ནས་རྟ་རྫིང་ཁྲག་རེད།།

ལྟོ་ལྟོགས་ནས་རྟས་ལི་ཧྲད་ཐལ།།

རྟ་ཡིན་རུང་ལས་ངན་ང་རེད།།

ང་ཉིན་མཚན་གཉིས་ལ་དྲུད་ཐལ།།

རྐང་སུག་བཞིའི་རྨིག་རྩ་སྣག་རེད།།

དབྱར་སྟོན་དཔྱིད་དགུན་ལ་གཤིབས་ཐལ།།

ལུས་ཕུང་མགོ་ཁ་ཚང་རྨ་རེད།།

ས་སྟོད་སྨད་བར་གསུམ་ཀུན་ཏུ།།

ཐག་རིང་ཐུང་ཀུན་ལ་གཤིབས་ནས།།

རྒྱུག་དགའ་རྟགས་ཆེ་ཆུང་བླངས་པས།།

ང་འདོ་ཕྲུག་རྟ་ཕོའི་དྲིན་ལ།།

རྟའི་བདག་པོའི་མིང་སྣ་གྲགས་ཐལ།།

ལོ་རྒས་ནས་རྒྱུག་རྒྱུ་མེད་ཚེ།།

ང་བཙོང་ས་བཤས་ཁང་ནང་རེད།།

བོད་ཆོས་ལྡན་རྟ་བདག་ཨེ་རེད།།

ཁྱོད་འུ་གཉིས་སེམས་ཅན་ཡིན་རུང་།།

ཚེ་འདི་ནས་བཟང་ངན་ཤོར་ཏེ།།

སྡུག་འདི་འདྲ་ཁྱོད་ཀྱིས་གཏད་པ།།

ཚེ་འདི་ཕྱིར་རུང་ས་ཨེ་རེད།

རྨིད་སྟོང་ཕྲག་དུ་མའི་བར་ལ།།

ང་རྒྱུག་རྒྱུའི་ནུས་པ་མེད་ཚེ།།

ལྕག་ཚ་མོས་འཕོང་ལ་བྲབ་བཞིན།།

ཁའི་ལྕགས་ལུང་ས་བསིག་རྡོ་བསིག །

གློ་གཡས་གཡོན་ཡོབ་ཀྱིས་བརྡུངས་དུས།།

ཚེ་ཕྱི་མ་རིག་ལ་ཁད་རེད།།

སྡུག་མཐོང་བ་ཐེངས་གཅིག་མ་རེད།།

ལོ་གཅིག་གི་ཟླ་བ་ཡོངས་རེད།།

༼རྟའི་བདག་པོ་རེ་བ་གཅིག་ཞུ།།

རྟ་འདོ་བ་རྒྱུག་དགོས་ཟེར་ཡང་།།

ཉིན་གཅིག་ལ་མང་པོ་མ་གཤིབ།།

ལོ་གཅིག་ལ་ཐེངས་མ་གཅིག་གཤིབ།།

ཡོབ་ནན་མོས་བཙན་རྡུང་མ་བྱེད།།

ཁ་ས་བསིག་རྡོ་བསིག་མ་བྱེད།།

ལྕགས་ཚ་མོས་འཕོང་མགོར་མ་བྲབས།།

ཉིན་མང་པོར་བཙན་བྱང་མ་བྱེད།།

བོད་མི་རིགས་སྲོལ་རྒྱུན་ཡིན་ན།།

ལོ་རེ་ལ་ཐེངས་རེད་རྒྱུག་ནས།།

ཐེངས་རེ་ལ་སྡུག་རེ་མྱང་རྒྱུ།།

ང་དུད་འགྲོ་ཡིན་པས་ལས་རེད།།

ཚོང་ཁེ་ཕོག་ཡིན་ཞེས་ལབ་ན།།

ང་མུར་ལོ་གཅིག་པོ་མིན་རུང་།།

ཚོང་བཟང་ངན་ཅི་འདྲ་ཡོད་ཀི།།

དེའི་ཕྱོགས་ལ་ཐུགས་བསམ་བཏང་རོགས།།

གླིང་དཔའ་ཐུལ་རྟ་རྒྱུག་དཔེ་རུང་།།

གླིང་གསེར་ཁྲི་རྒྱལ་ལ་བཞག་ནས།།

དོན་ཆེ་ཉིན་ཐེངས་གཅིག་རྒྱུག་ཟིག །

དུ་ཕན་ལ་རྒྱུག་སྲོལ་མེད་ཀི།།

རྟའི་བདག་པོ་རྒན་པོ་རྒོད་པོས།།

མགོ་གྱེན་ལ་བཀྱག་ནས་ལྟོས་དང་།།

རྟ་གྱི་ལིང་བང་འགྲན་ཟེར་ནོ།།

བོད་མིན་རུང་ཡོད་རབས་ཡོད་ཀི།།

ཕྱིའི་རྒྱལ་ཁབ་སོ་སོའི་རྟ་གཤིབ།།

བོད་འདྲ་འདྲ་གཅིག་ར་མ་རེད།།

ལྕགས་ཚ་མོས་གཞུས་རབས་མེད་ཀི།།

ཡོབ་ནན་མོས་རྡུང་སྲོལ་མེད་པ།།

བོད་མགོ་ནག་མི་ཡིས་ལོས་ཤེས།།

དེ་ཤེས་ན་བོད་ཀྱི་རྟ་གཤིབ།།

ཅི་འདྲ་འདྲ་གདུག་རྩུབ་ཆེ་ཀི།།

ང་ལས་ངན་སྙིང་རེ་ཨེ་བརྗེ།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息