རྨི་ལམ་ནང་གི་སྒྲོལ་མ།

创作翻唱 藏歌精选1376 第260期 2019-05-13 创建 播放:65241

介绍: རྨི་ལམ་ནང་གི་སྒྲོལ་མ།

ཚིག ཁ་གྱའི་ཁྱུང་སྔོན།

དབྱངས བསང་སྐལ་བྷེ།

ལེན་མཁན བསང་སྐལ་བྷེ།

ཡར་ལུང་མཐིལ་གྱི་ལྷ་ཤིང་།།

ལྷ་ཤིང་ཤུག་ཏོག་ཁྲོམ་ཁྲོམ།།

གཙང་བོ་མར་བཞུར་ཞིག་ལ།།

ཤུག་ཏོག་བརྒྱ་སྟོང་བསྐུར་ཡོད།།

ཨ་ཅག་པ་སངས་སྒྲོལ་དཀར།།

ལས་དང་སྨོན་ལམ་ཡོད་ན།།

ཕྲེང་སྐུད་བཟུང་ནས་སྒུག་དང་།།

ལྷ་སའི་ཁྲོམ་ནས་འཛོམས་ཆོག།

ར...

介绍: རྨི་ལམ་ནང་གི་སྒྲོལ་མ།

ཚིག ཁ་གྱའི་ཁྱུང་སྔོན།

དབྱངས བསང་སྐལ་བྷེ།

ལེན་མཁན བསང་སྐལ་བྷེ།

ཡར་ལུང་མཐིལ་གྱི་ལྷ་ཤིང་།།

ལྷ་ཤིང་ཤུག་ཏོག་ཁྲོམ་ཁྲོམ།།

གཙང་བོ་མར་བཞུར་ཞིག་ལ།།

ཤུག་ཏོག་བརྒྱ་སྟོང་བསྐུར་ཡོད།།

ཨ་ཅག་པ་སངས་སྒྲོལ་དཀར།།

ལས་དང་སྨོན་ལམ་ཡོད་ན།།

ཕྲེང་སྐུད་བཟུང་ནས་སྒུག་དང་།།

ལྷ་སའི་ཁྲོམ་ནས་འཛོམས་ཆོག།

རྒྱ་ནག་མཁར་གྱི་གོས་ཕྲུག།

རི་མོ་བཀྲ་ཤིས་བརྒྱད་འཛོམས།།

ཚོང་དཔོན་ཡར་འགྲོ་ཞིག་ལ།།

གོས་ཕྲུག་ཐེར་མ་བསྐུར་ཡོད།།

རྨི་ལམ་ནང་གི་སྒྲོལ་མ།།

ལས་དང་སྨོན་ལམ་ཡོད་ན།།

འཛུམ་མདངས་བར་ནས་སྒུག་དང་།།

དར་རྩེ་མདོ་ནས་འཛོམས་ཆོག།

ཨ་མདོའི་འབྲོག་པའི་འབྲི་ཞོ།།

ཁ་སྤྲི་འབྲི་མར་སེར་པོ།།

རྒྱང་རིང་ཡུལ་གྱི་བྱམས་པར།།

ཞོ་ཕུད་སྐྱེས་ལ་ཕུལ་ཡོད།།

སེམས་ཀྱི་དབྱངས་ཅན་ལྷ་མོ།།

ལས་དང་སྨོན་ལམ་ཡོད་ན།།

མེ་ཏོག་ཐང་ནས་སྒུག་དང་།།

སྦྲ་ནང་གཅིག་ནས་འཛོམས་ཆོག།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息