【藏】老师&&扎西昂秀、央尖~~(朗诵)祝愿所有老师节日快乐!

创作翻唱 藏歌精选1376 第527期 2019-09-10 创建 播放:59995

介绍: 【藏】老师&&扎西昂秀、央尖~~(朗诵)诗词原文在动态,有需要的自行查收。
ཕོ།
དགེ་རྒན་ལགས། ཐོག་མར་ངས་ཁྱེད་ལ་རྟེན་འབྲེལ་ཞུས་ཡོད།
ངས་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།
ངས་ཁྱེད་ལ་རྟེན་འབྲེལ་ཞུ་དོན་ནི།
ཁྱེད་ཀྱིས་མུན་པ་དང་འཐབ་ནས་ངེད་སློབ་བུ་ཚོའི་འགྲོ་འདུག་བསམ་པས་ཡིན་ལ།
ཁྱེད་ཀྱིས་སྐར་ཆེན་དང་འགྲོགས་ནས་ངེད་སློབ་མ་ཚོ...

介绍: 【藏】老师&&扎西昂秀、央尖~~(朗诵)诗词原文在动态,有需要的自行查收。
ཕོ།
དགེ་རྒན་ལགས། ཐོག་མར་ངས་ཁྱེད་ལ་རྟེན་འབྲེལ་ཞུས་ཡོད།
ངས་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།
ངས་ཁྱེད་ལ་རྟེན་འབྲེལ་ཞུ་དོན་ནི།
ཁྱེད་ཀྱིས་མུན་པ་དང་འཐབ་ནས་ངེད་སློབ་བུ་ཚོའི་འགྲོ་འདུག་བསམ་པས་ཡིན་ལ།
ཁྱེད་ཀྱིས་སྐར་ཆེན་དང་འགྲོགས་ནས་ངེད་སློབ་མ་ཚོའི་དཔེ་ཀློག་སྲུང་པས་ཡིན།
ཉིན་མོའི་ཟས་བཅགས་ནས་ང་ཚོ་སེམས་ཀྱིས་བསྐྱངས་པས་ཡིན་ལ།
མཚན་མོའི་ཟས་བརྗེད་དེ་ང་ཚོ་མིག་གིས་འཚོས་པས་ཀྱང་ཡིན།
དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

མོ།
ཁྱེད་རང་འདི་ལྟར་དུངས་ཞེན་གྱི་དབང་གིས་ལོ་ཟླས་མཐའ་ལ་དེད་ཀྱང་།
ཁྱེད་རང་འདི་ལྟར་གཞན་ཕན་གྱི་སེམས་པས་དབུ་ལ་སེ་མདའ་བབས་ཀྱང་།
ལོ་ཟླའི་ལྟེབས་ཁུག་རེ་རེར་དུས་ཀྱི་མི་ཁས་མི་ཚུགས་པའི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་མཁན་དེ་ཁྱེད་ཡིན་ལ།
བརྩེ་བའི་བྱམས་པ་ཆེན་པོར་ལམ་གྱི་རྡོག་པས་མི་གནོན་པའི་སེམས་ཀྱི་མཁའ་དབྱིངས་བསྐྲུན་མཁན་དེ་ཁྱེད་ཡིན།
ཁྱེད་ཡིན་པའི་ངོ་སོར་དཔའ་རྟགས་མེད་ལ་རྒྱབ་སྐྱོར་མེད་ན་ཡང་།
ཁྱེད་ཀྱིས་འབད་པ་སྟོང་གི་གོ་ཁྲབ་གྱོན་ནས་མི་གཤིས་ཀྱི་གཉོམ་སོ་དག་གཅེས་སྐྱོང་བྱས་ལ།
ཁྱེད་ཀྱིས་བརྩོན་པ་ཁྲི་ཕྲག་གདོང་གིས་བསུས་ནས་ན་ཆུང་གི་མྱུ་གུ་དག་ལག་པས་གསོས་ཡོད།
དུས་དེ་དག་ལ། ཁྱེད་ལ་རྟེན་འབྲེལ་དང་བཀའ་དྲིན་ཞུ་མཁན་མེད་ཀྱང་།
ཁྱེད་ལ་ཁ་བཏགས་དང་མཆོད་ཆང་འདེགས་མཁན་མེད་ཀྱང་།
ཁེར་རྐྱང་གི་ཁྱེད་ཀྱི་སྤོབས་པར་རི་རབ་ཀྱིས་མགོ་བོ་སྒུར་ཅིང་།
ཡིད་འོང་གི་ཁྱེད་ཀྱི་བྱམས་པར་ཆུ་ཆེན་གྱིས་མཆོད་པ་ཕུལ་ཡོད།
དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

ཕོ།
ཁྱེད་ཀྱིས་སློབ་ཁང་ཟེར་བའི་དྭངས་གཙང་གི་ཁོར་ཡུག་ཅིག་སྲུངས་ཤིང་།
ཁྱེད་ཀྱིས་སློབ་མ་ཟེར་བའི་ན་ཆུང་གི་མྱུ་གུ་དག་གཉོར་གྱིན།
གོ་ས་ཆེན་པོ་ཞིག་ལ་ཐུགས་སེམས་མ་འཁོར་ལ།
རྒྱུ་ནོར་མང་པོ་ཞིག་ལ་ཞེ་རྩ་མ་གནག་པར།
ཁྱེད་ཀྱིས་སློབ་གསོ་ཟེར་བ་ཞིག་ལ་མི་ཚེ་ཕུལ་ཅིང་།
ཁྱེད་ཀྱིས་མི་རིགས་ཟེར་བ་ཞིག་ལ་ལང་ཚོ་བསྟིམས་ཡོད།

ཁྱེད་ཀྱི་ང་རྒྱལ་དུ་རློམ་ཆོག་པའི་བྱ་གཞག་འདིའི་རྒྱབ་ཀྱི་དཀའ་སྡུག་སུས་ཀྱང་མ་མཐོང་བས།
ཁྱེད་རང་སྒྲིག་ལམ་ཟེར་བ་ཞིག་གི་སྒྲོམ་གཞི་ལས་བརྒལ་མ་ནུས་ལ།
ཁྱེད་རང་ཁྱིམ་བདག་ཟེར་བ་ཞིག་གི་མི་ཁ་ལས་ཐར་མ་ཐུབ་པར།
སློབ་གསོའི་ལམ་ཕྱོགས་དང་སྙིང་དོན་མི་ཤེས་པ་དག་གི་སློབ་གསོའི་འུ་ཚུགས་ལས་ཁྱེད་ཀྱི་ལམ་ཁ་བཀག་ཅིང་།
སློབ་མའི་གཤིས་ཀ་དང་དགའ་ཕྱོགས་མི་ཤེས་པ་དག་གི་སློབ་གསོའི་ང་རྒྱལ་ལས་ཁྱེད་ཀྱི་ལུས་སེམས་ངལ་མྱོང་།
དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

མོ།
ཁྱེད་ཀྱིས་གཞན་གྱི་ངོ་སོ་མ་བསྲུང་བའི་གཤིས་ཀྱི་བདེན་པ་དག་གི་སྐུ་དྲིན་ལ།
ཁྱེད་ཀྱི་བུ་སློབ་དག་སྐར་ཆེན་བཞིན་དུས་ཀྱི་མཁའ་དབྱིངས་སུ་ལམ་ལམ་འཚེར་ལ།
ཁྱེད་ཀྱི་ལྷག་བསམ་གྱི་ནུས་མཐུ་ལས་བག་ཕེབས་དང་ཞི་དུལ་གྱི་ལོ་ཟླའི་ཧྲག་བར་ཕྱེས་ཡོད།

ཁྱེད་ལ་འཚོ་བ་ཐབས་ཆག་ཅིག་གི་ཀུ་རེ་ལས་ཅི་ཡང་མེད་ན་ཡང་།
ཁྱེད་ཀྱི་ཐུགས་སེམས་ཀྱི་མཁའ་དབྱིངས་ལས་ལྷག་བསམ་གྱི་གྲུ་ཆར་འཇོ་བ་ནི་ཁྱེད་རང་མི་ཡུལ་གྱི་སེམས་དཔའ་ཡིན་པས་རེད་ལ།
ཟླ་ཕོགས་ཉུང་ཉུང་གིས་ཁྱེད་ཀྱི་ཁ་རྒྱབ་ལ་ལྷན་པ་ཙམ་རྒྱབ་པ་ལས་ཀྱང་ཁྱེད་ཀྱི་ཐུགས་སེམས་འགེངས་པ་ནི་གཞན་ཕན་ལྷག་བསམ་ལས་བྱུང་བའི་སྙིང་རྗེ་རེད།
དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

ཕོ།
དགེ་རྒན་ལགས།
ཁྱེད་ཀྱི་མིང་བྱང་ལ་གཡོ་ཟོལ་མེད།
ཁྱེད་ཀྱི་མིང་བྱང་ལ་ཕྱོགས་རིས་མེད།
ཁྱེད་ཀྱི་མིང་བྱང་ལ་ནག་ནོག་མེད།
ཁྱེད་ཀྱི་མིང་བྱང་ལ་མཐོ་དམའ་མེད།
ཁྱེད་ཀྱི་མིང་བྱང་གིས་བཟོས་པའི་ལོ་རབས་ཤིག་གི་ངོ་གདོང་།
དུས་རབས་ཀྱིས་བརྗེད་མི་སྲིད།
ལོ་རྒྱུས་ཀྱིས་བརྗེད་མི་སྲིད།
དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

སྐབས་ལན་རེར།
ཁྱེད་ཀྱིས་རང་སེམས་གསོ་བའི་དབུ་ཆང་དམ་བུ་གང་གླུ་རུ་བསྲེས་དོན་ལ་འཁང་ར་ག་ལ་ཡོད།
མཚམས་ལན་རེ་རེར།
ཁྱེད་ཀྱིས་ལས་ཀའི་བྲེལ་གསེང་བར་ནས་ཐ་མག་ཚག་ལུ་གང་སྨྲེང་བས་རྔུབ་དོན་ལ་ཡང་རྣ་སྡུག་ག་ལ་ཡོད།

ཁྱེད་ཀྱིས་ཁྱིམ་བདག་དག་གིས་རྣ་བར་གཟན་པའི་སྡིག་དམོད་ལུང་པ་གང་བྱས་པར་བཟོད་སྒོམ་གནང་ཡོད།
ཁྱེད་ལ་སློབ་མ་དག་གིས་ཐུགས་སེམས་དཀྲུགས་པའི་བྱ་བ་གྲངས་ཀྱིས་མི་ཟིན་པ་བསྒྲུབས་པར་བཟོད་སྒོམ་གནང་ཡོད།
བསོད་ནམས་དམན་པའི་ང་ཚོས་ཁྱེད་ཀྱི་རྨི་ལམ་དཀྲོགས་ཡོད།
དྲིན་ལན་བོར་བའི་ང་ཚོས་ཁྱེད་ཀྱི་ལྷིང་འཇགས་བསྒུལ་ཡོད།
དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

མོ།
ཁྱེད་ཀྱིས་སྒོ་སམ་དང་ཤོག་དཀར་ལ་ཕབ་པའི་ལྷག་བསམ་གྱི་ཡིག་འབྲུ་རེ་རེ།
ཁྱེད་ཀྱིས་སློབ་ཁང་དང་སློབ་རྭ་ལ་ཕབ་པའི་གཞན་དོན་གྱི་ཞབས་རྗེས་རེ་རེ།
ཁྱེད་ཀྱི་བསམ་དོན་ཆོས་ཀྱིས་འགྲུབ་ཅིང་།
ཁྱེད་ཀྱི་བཞེད་དོན་ཡིད་བཞིན་འགྲུབ་པའི་ཐུགས་སྨོན་ཡིན།
དགེ་རྒན་ལགས། སྐུ་ངལ་གསོ་རོགས།

ཁྱེད་ལ་ངོ་སོ་མེད་ན་ཡང་།
ཁྱེད་ལ་གོ་ཐོབ་མེད་ན་ཡང་།
ཁྱེད་ཁོ་ནས་བདེན་ལུགས་སེམས་ཀྱིས་སྲུངས་ཡོད།
ཁྱེད་ཁོ་ནས་རྒྱུ་འབྲས་མིག་གིས་འཚོས་ཡོད།
ཁྱེད་ཁོ་ནས་གཞན་དོན་བྲིས་ཡོད།
ཁྱེད་ཁོ་ནས་རང་དོན་སྐྱུར་ཡོད།

ཁྱེད་ཀྱིས་སློབ་ཁྲིད་ཀྱི་བར་གསེང་ནས་ཁྱིམ་ཚང་ཟེར་བ་ཞིག་ལ་ཐུགས་སེམས་འཁོར་ཁོམ་མ་བྱུང་ལ།
ཁྱེད་ཀྱིས་སློབ་མ་ཚོའི་མདུན་རྒྱབ་ནས་བུ་ཕྲུག་ཟེར་བ་ཞིག་གི་མདུན་ལམ་སེམས་ཁོམ་མ་བྱུང་།
ཁྱེད་ཀྱིས་ས་སྨྱུག་དང་སྒོ་སམ་གྱི་བར་ནས་དྲིན་ཕ་མ་ཟེར་བ་ཞིག་ལ་ཞབས་ཏོག་མ་ནུས་ལ།
ཁྱེད་ཀྱིས་སློབ་ཁང་དང་དཔེ་ཁང་གི་བར་ནས་བུ་བུ་མོ་ཟེར་བ་ཞིག་གི་ཁ་རྒྱབ་མ་མཐོང་བར།
ཤེས་མེད་ཚོད་མེད་དུ་གཞན་དོན་ལ་མི་ཚེ་ཕུལ།
ཤེས་མེད་ཚོར་མེད་དུ་གཞན་དོན་གྱིས་ལང་ཚོ་ཟད།
དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

ཕོ།
ཁྱེད་ཀྱི་གྲུབ་འབྲས་འདི་དག་གི་ཡོད་ཚད་ཀྱི་ཡོད་ཚད།
ཁྱེད་ཁོ་ནར་དབང་དགོས་པའི་འདོད་ཧམ་སྐྱུར་བས།
ཁྱེད་ཀྱི་རིན་ཐང་གིས་བཟོས་པའི་གྲུབ་འབྲས་འདི་དག
ཁྱེད་ཀྱི་བྱང་སེམས་དང་འདྲ་བའི་ས་ཆེན་པོར་དབང་ཡོད།
ཁྱེད་ཀྱི་ལྷག་བསམ་དང་འདྲ་བའི་གནམ་སྔོན་པོར་དབང་ཡོད།
འདི་ནི། ཁྱེད་ཀྱི་སྙིང་སྟོབས་ལས་འཁྲུངས་པའི་དྭངས་གཙང་གི་ལེགས་སྐྱེས་དེ་ཡིན།
འདི་ནི། ཁྱེད་ཀྱི་གཞན་ཕན་གྱིས་བསྐྱངས་པའི་ཡིད་འོང་གི་མཆོད་པ་དེ་ཡིན།

ཕོ་མོ།

ཉི་མ་ལྟ་བུའི་དགེ་རྒན་ལགས།
སྐུ་ངལ་ཅིག་གསོ་རོགས།
ཟླ་བ་ལྟ་བུའི་དགེ་རྒན་ལགས།
སྐུ་ངལ་ཅིག་གསོ་རོགས།
སྐར་ཚོགས་ལྟ་བུའི་དགེ་རྒན་ལགས།
སྐུ་ངལ་ཅིག་གསོ་རོགས།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息