2019三智才让最新歌曲【爱之牧女】

创作翻唱 糌粑萨丶King 第426期 2019-04-02 创建 播放:38306

介绍: རྫི་མོར་དུངས་བ།

གཞས་ཚིག འབུམ་མེ་ལྕེ།

གཞས་གདངས། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།

རི་ལ་སྨུག་པ་འཐིབ་ཡོད།།

སྤང་ལ་མེ་ཏོག་བཞད་ཡོད།།

ལུག་ཆུང་གྭ་ཞུས་སྨུག་ཞུས།།

སྨུག་པའི་ནང་ལ་ཅམ་ཡོད།།

རྫི་མོའི་གོམ་ཁ་ལྷོད་པོ།།

ལུག་ཁྱུའི་རྗེས་ལ་སྙེགས་ཡོད།།

སྤྱང་མོའི་འདུར་འདུར་མ་གནང་།།

ཚེར་དཀར་རི་ནས་མ...

介绍: རྫི་མོར་དུངས་བ།

གཞས་ཚིག འབུམ་མེ་ལྕེ།

གཞས་གདངས། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།

རི་ལ་སྨུག་པ་འཐིབ་ཡོད།།

སྤང་ལ་མེ་ཏོག་བཞད་ཡོད།།

ལུག་ཆུང་གྭ་ཞུས་སྨུག་ཞུས།།

སྨུག་པའི་ནང་ལ་ཅམ་ཡོད།།

རྫི་མོའི་གོམ་ཁ་ལྷོད་པོ།།

ལུག་ཁྱུའི་རྗེས་ལ་སྙེགས་ཡོད།།

སྤྱང་མོའི་འདུར་འདུར་མ་གནང་།།

ཚེར་དཀར་རི་ནས་མ་དཀྲོགས།།

གཡང་རྫི་མི་མོ་ཆུང་ཆུང་།།

ཚེ་གཅིག་སྙིང་གི་ཆ་ཡིན།།

མཐིང་སྨུག་གུར་ལ་ཕུག་ཡོད།།

སྒོ་ཆོན་གནམ་ལ་བཏེགས་ཡོད།།

འབྲི་མོ་རྒྱ་རྒྱ་རོག་རོག །

ལྷས་ན་རྡང་ལ་སྟར་ཡོད།།

འབྲོག་མོའི་བཞོ་དབྱངས་གཉོམ་པོ།།

རྣ་བའི་གསོས་སུ་འཐིམ་སོང་།།

རྩ་ཆུ་ཆད་པ་མ་གནང་།།

གཡང་ལ་གོད་ཆགས་མ་ཡོང་།།

འབྲོག་མོའི་གཞོན་ཤ་འཇམ་པོ།།

མི་ཚེ་ཞིག་གི་སྲོག་ཡིན།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息