甲才让东主 ཕ་མས་བསླབས་པའི་གླུ་ཆུང་།

创作翻唱 天籁藏曲歌集 第135期 2019-04-01 创建 播放:7768

介绍: ཕ་མས་བསླབས་པའི་གླུ་ཆུང་།
ཚིག འཕང་།
དབྱངས། རྒྱ་ཡར་ཚེ་རིང་དོན་འགྲུབ།
ལེན་མཁན། རྒྱ་ཡར་ཚེ་རིང་དོན་འགྲུབ།

དྲིན་ཕ་མས་བསླབས་པའི་གླུ་ཆུང་འདི།།
ང་བྱིས་པ་ཡིན་དུས་བསླབས་ནི་ཡིན།།
ལས་རྒྱུ་འབྲས་དགོས་པའི་ཁ་ཏ་ཡིན།།
གླུ་འདི་ནི་ལེན་རྒྱུར་ཧ་ཅང་དགའ།།
དུས་དེང་སང་ས་མཐའི་གྲུ་ཁ་ནས།།
གླུ་ལེན་ཐེངས་རེ་ལ་ཕ་མ་དྲན།།
དྲིན་འཁོར་ཐབས་མེད་པའི...

介绍: ཕ་མས་བསླབས་པའི་གླུ་ཆུང་།
ཚིག འཕང་།
དབྱངས། རྒྱ་ཡར་ཚེ་རིང་དོན་འགྲུབ།
ལེན་མཁན། རྒྱ་ཡར་ཚེ་རིང་དོན་འགྲུབ།

དྲིན་ཕ་མས་བསླབས་པའི་གླུ་ཆུང་འདི།།
ང་བྱིས་པ་ཡིན་དུས་བསླབས་ནི་ཡིན།།
ལས་རྒྱུ་འབྲས་དགོས་པའི་ཁ་ཏ་ཡིན།།
གླུ་འདི་ནི་ལེན་རྒྱུར་ཧ་ཅང་དགའ།།
དུས་དེང་སང་ས་མཐའི་གྲུ་ཁ་ནས།།
གླུ་ལེན་ཐེངས་རེ་ལ་ཕ་མ་དྲན།།
དྲིན་འཁོར་ཐབས་མེད་པའི་ཕ་མ་དྲན།།

ནང་ན་ཟླས་བསླབས་པའི་གླུ་ཆུང་འདི།།
ང་ན་ཆུང་ཡིན་དུས་བསླབས་ནི་ཡིན།།
བོད་སྐད་ཡིག་སློབ་པའི་དམ་བཅའ་ཡིན།།
གླུ་འདི་ནི་ལེན་རྒྱུར་ཧ་ཅང་དགའ།།
དུས་དེང་སང་ཆ་མེད་ཡུལ་གྲུ་ནས།།
གླུ་ལེན་ཐེངས་རེ་ལ་ན་ཟླ་དྲན།།
ཁྲེལ་ཕྱི་ཐག་རིང་བའི་ན་ཟླ་དྲན།།

ཆུང་བྱམས་པས་བསླབས་པའི་གླུ་ཆུང་འདི།།
ང་ན་གཞོན་ཡིན་དུས་བསླབས་ནི་ཡིན།།
ཁྲེལ་ཕྱི་ཐག་དགོས་པའི་སྙིང་གཏམ་ཡིན།།
གླུ་འདི་ནི་ལེན་རྒྱུར་ཧ་ཅང་དགའ།།
དུས་དེང་སང་བསླུ་བྲིད་རྒོད་དུས་ན།།
གླུ་ལེན་ཐེངས་རེ་ལ་བྱམས་པ་དྲན།།
འདང་ཞེ་བརྩེ་ཅན་གྱི་བྱམས་པ་དྲན།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息