谢旦&玛珍岗尼 སེམས་ཀྱི་གཞས་ཆུང་།

创作翻唱 天籁藏曲歌集 第144期 2019-04-01 创建 播放:26168

介绍: སེམས་ཀྱི་གཞས་ཆུང་།
གཞས་ཚིག གཙང་རིགས་སྐལ་བཟང་རྣམ་འདྲེན།
གཞས་གདངས། ཤེར་བསྟན།
གཞས་པ། ཤེར་བསྟན་དང་རྨ་འགྲམ་གངས་སྨྱུག

གངས་དཀར་ཨ་མ་ཡི་ནུ་ཞོས་གསོས་པའི། །
བསམ་མེད་དེང་སང་གི་མཁས་རློམ་རྣམ་པ། །
མེས་པོ་དམ་པ་ཚོའི་ཤི་བླ་བཙག་བཞིན། །
གངས་རིའི་ཕ་ཆོས་ལ་ངན་སྨད་མ་བྱེད། །

བྷོ་ཊའི་ཆོས་རིག་གི་སྙིང་པོ་འཛིན་པའི། །
ཞྭ་མདོག་དམར་སེར་གྱ...

介绍: སེམས་ཀྱི་གཞས་ཆུང་།
གཞས་ཚིག གཙང་རིགས་སྐལ་བཟང་རྣམ་འདྲེན།
གཞས་གདངས། ཤེར་བསྟན།
གཞས་པ། ཤེར་བསྟན་དང་རྨ་འགྲམ་གངས་སྨྱུག

གངས་དཀར་ཨ་མ་ཡི་ནུ་ཞོས་གསོས་པའི། །
བསམ་མེད་དེང་སང་གི་མཁས་རློམ་རྣམ་པ། །
མེས་པོ་དམ་པ་ཚོའི་ཤི་བླ་བཙག་བཞིན། །
གངས་རིའི་ཕ་ཆོས་ལ་ངན་སྨད་མ་བྱེད། །

བྷོ་ཊའི་ཆོས་རིག་གི་སྙིང་པོ་འཛིན་པའི། །
ཞྭ་མདོག་དམར་སེར་གྱི་དགེ་འདུན་རྣམ་པ། །
སྟོན་པ་སངས་རྒྱས་ལ་ཡིད་ཆེས་ཡོད་ན། །
གྲུབ་མཐའ་ཆགས་སྡང་གི་ཕྱོགས་རེས་མ་བྱེད། །

ཁ་ཤོབ་འབྲུག་སྐད་ཀྱི་གནམ་ས་འགེངས་བའི ། །
གདོང་དམར་བོད་པ་ཡི་སྐྱ་སེར་གཉིས་ཀ །
ཕ་བཟང་བུ་རྒྱུད་ཀྱི་ལ་རྒྱ་ཡོད་ན། །
མི་རབས་ཕྱི་མ་ལ་བསམ་བློ་ཐོངས་ཡ། །

འཛམ་གླིང་ཧྲིལ་བོ་འདི་ཁྱིམ་གཅིག་ཟེར་ནས། །
བྱམས་བརྩེ་མཐུན་སྒྲིལ་གྱི་རིན་ཐང་གླེང་དུས། །
ཕ་གཅིག་མ་གཅིག་གི་གདོང་དམར་བོད་པ། །
ཆོལ་ཁ་སྟོད་སྨད་ཀྱི་གཏམ་ཉོག་མ་བཤད ། །

ཤེས་རིགས་སྣ་མང་གི་ནོར་བུའི་ཁྲོད་ནས། །
ནང་ཆོས་རིག་པ་འདིའི་གསེར་འོད་འཕྲོ་དུས། །
བོད་ཕྲུག་བྱིས་པ་ཚོས་གཞན་རྗེས་འབྲང་ནས། །
ཡིད་བཞིན་ནོར་བུ་འདི་བདག་མེད་མ་བྱེད། །

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息