介绍: 《希望少儿之家》家歌
རེ་བའི་བུ་ཁྱིམ་ཁང་གི་ཁྱིམ་གླུ།
ཚིག བླ་མ་བློ་བཟང་།
དབྱངས། ཤེར་བསྟན།
ལེན་མཁན། རེ་བའི་བུ་ཁྱིམ་ཁང་།ཉི་འོད་རོལ་ཚོགས།
སྐྱེ་ཡག་དུང་ཟླ་དཀར་པོའི་ངོ་ཡོད་ན།
འཛུམ་མདངས་འོ་ཞོ་དཀར་པོའི་སོ་ཡོད་ན།
རྩྭ་རི་སྨྱུག་མ་འདྲ་བའི་ལུས་ཡོད་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
ཤེས་རབས་མེ་དཔུང་འབར་བའི་འོད་ཡོད་ན།
རྣ...
介绍: 《希望少儿之家》家歌
རེ་བའི་བུ་ཁྱིམ་ཁང་གི་ཁྱིམ་གླུ།
ཚིག བླ་མ་བློ་བཟང་།
དབྱངས། ཤེར་བསྟན།
ལེན་མཁན། རེ་བའི་བུ་ཁྱིམ་ཁང་།ཉི་འོད་རོལ་ཚོགས།
སྐྱེ་ཡག་དུང་ཟླ་དཀར་པོའི་ངོ་ཡོད་ན།
འཛུམ་མདངས་འོ་ཞོ་དཀར་པོའི་སོ་ཡོད་ན།
རྩྭ་རི་སྨྱུག་མ་འདྲ་བའི་ལུས་ཡོད་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
ཤེས་རབས་མེ་དཔུང་འབར་བའི་འོད་ཡོད་ན།
རྣམ་དཔྱོད་རལ་གྲི་ངར་མའི་སོ་ཡོད་ན།
བྱམས་བརྩེ་ཉི་མ་སེར་པོའི་དྲོད་ཡོད་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
རིག་གནས་ཡོན་ཏན་སྦྱོང་བའི་བློ་ཡོད་ན།
ཕ་མའི་དྲིིན་ལན་མཇལ་བའི་སེམས་ཡོད་ན།
མཐུན་སྒྲིལ་ཨ་ལུང་དམ་པོའི་སྙིང་ཡོད་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
ལ་རྒྱ་གངས་རི་དཀར་པོའི་རྩེ་ཡོད་ན།
སྙིང་སྟོབས་སེང་གེ་དཀར་མོའི་རྩལ་ཡོད་ན།
དྭངས་གཙང་ནམ་མཁའ་འདྲ་བའི་ཁོག་ཡོད་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
སློབ་གླིང་ཁྲ་མོའི་སྒོ་ཐེམ་སྒལ་བསལ་ན།
རྣམ་དཔྱོད་ཤེས་རབ་སུ་ཡོད་བལྟ་བསམ་ན།
མི་ཚེ་རིང་ཐང་ཅན་ཞིག་བཟོ་དྲན་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
ཤ་ཚའི་བརྩེ་བ་དམར་པོའི་སྐྱོང་དགོས་ན།
ཕ་མའི་བསླབ་བྱ་བཟང་པོ་ཐོབ་དགོས་ན།
མཁས་པའི་གདམས་ངག་ཟབ་མོ་ཉན་འདོད་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
གླུ་གར་འཇིག་རྟེན་གསར་བ་འགྲོ་བསམ་ན།
སྒྱུ་རྩལ་རིག་པའི་ལམ་ཆེན་བསྐྱོད་དྲན་ན།
དུས་རབ་གསར་བའི་གློག་བརྙན་འཁྲབ་འདོད་ན།
ཁྱེད་རང་རེ་བའི་བུ་ཁྱིིམ་ཁང་དུ་ཕེབས།
རིག་ལམ་འཕྲུལ་གྱི་ལྡེ་མིག་སྦྱོང་འདོད་ན།
བཀའ་གདམས་གཞུང་ལུགས་བློ་ཁ་ཕྱོགས་དྲན་ན།
བདེ་སྟོང་དབྱེར་མེད་སྒོམ་སྒྲུམ་བྱེད་བསམ་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
རྔ་རིས་སྒྲ་སྙན་འབྲུག་མགོ་བསྒྲག་བསམ་ན།
བདེ་ཆེན་སྤུ་འོང་སྙེན་མོ་མཐེན་བསམ་ན།
རེབ་ཀོང་སྨྱུག་གླིང་དཀར་བོ་འབུད་འདོད་ན
ཁྱེན་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
དུས་རབས་གསར་བའི་སློབ་གསོ་ཉན་བསམ་ན།
གནའ་རབས་བོད་པའི་ལོ་སྒྱུས་འདོན་བསམ་ན།
གནའ་དེང་ཟུང་འབྲེལ་རིག་གཞུང་བལྟ་བསམ་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
ཉེར་གཅིག་དུས་ཀྱི་རྩིས་འཕྲུལ་སློབ་བསམ་ན།
མཚན་རྩལ་རིག་པའི་སྒོ་མོ་ཕྱེ་བསམ་ན།
རིག་པའི་གནས་ལྔ་དག་ལ་མཁས་བསམ་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
འཛམ་གླིང་སྒྱུགས་རྩེད་འགྲན་བསྡུར་ཞུགས་བསམ་ན།
འགྱོགས་པ་རླང་གི་འཁོར་ལོ་བསྐོར་དྲན་ན།
གདུང་དམར་བོད་པའི་ཁྱད་ཆོས་ངོམ་བསམ་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
ཕ་ཟས་སྦྲང་དཀར་རྩམ་པ་ཟ་བསམ་ན།
ཕ་སྐད་ཀ་ཁ་ག་ང་བཤད་བསམ་ན།
ཕ་ཡུལ་དུངས་བ་ཅན་ཞིག་བཟོ་བསམ་ན།
ཁྱེད་རང་རེ་བའི་བུ་ཁྱིམ་ཁང་དུ་ཕེབས།
སེམས་ལ་སྙིང་རྗེ་ཅན་ཞིག་བཟོ་དྲན་ན།
ཁོག་ན་ལ་རྒྱ་ཅན་ཞིག་དགོས་བསམ་ན།
མི་རིག་ཤ་ཞན་ཅན་ཞིག་རེད་བསམ་ན
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息