创作翻唱 德吉老爷T 第15期 2019-03-17 创建 播放:37357

介绍: འབོད་གཏམ།

ཨོཾ་བདེ་ལེགས་སུ་གྱུར་ཅིག
སྟོད་གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ་འདིར།
ལྷ་ཨོ་རྒྱན་པད་མའི་ཆོས་ས་དང་།
བློན་ཐོན་མིས་ཡི་གེ་སྤེལ་ས་དང་།
གླིང་གེ་སར་རྒྱལ་པོ་འཁྲུངས་ས་རེད།
རྒྱལ་པོ་སྲོང་བཙན་བཙན་ས་གཟུངས་ས།
རི་མཐོ་པོ་ཇོ་མོ་གླང་མ།
གསེར་སེར་པོ་མཆོད་རྟེན་འགྱིང་འགྱིང་།
ཆུ་དལ་འབབ་རྨ་འབྲི་སྔོན་མོ།
བཀྲ་ཤིས་པའི་གླུ་སྒྲ...

介绍: འབོད་གཏམ།

ཨོཾ་བདེ་ལེགས་སུ་གྱུར་ཅིག
སྟོད་གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ་འདིར།
ལྷ་ཨོ་རྒྱན་པད་མའི་ཆོས་ས་དང་།
བློན་ཐོན་མིས་ཡི་གེ་སྤེལ་ས་དང་།
གླིང་གེ་སར་རྒྱལ་པོ་འཁྲུངས་ས་རེད།
རྒྱལ་པོ་སྲོང་བཙན་བཙན་ས་གཟུངས་ས།
རི་མཐོ་པོ་ཇོ་མོ་གླང་མ།
གསེར་སེར་པོ་མཆོད་རྟེན་འགྱིང་འགྱིང་།
ཆུ་དལ་འབབ་རྨ་འབྲི་སྔོན་མོ།
བཀྲ་ཤིས་པའི་གླུ་སྒྲ་ལྷུང་ལྷུང་།
གཡང་ཁྲ་བོ་རྟ་ནོར་ལུག་གསུམ།
སྤང་མེ་ཏོག་དཀྱིལ་དུ་མཛེས་མཛེས།
གླིང་ཁྲ་བོ་རྟ་རྒྱུགས་འགྲན་ས།
དཔོན་གེ་སར་གསེར་ཁྲི་ལམ་ལམ།
ས་འདི་ས་ངོ་མ་ཤེས་ན་ཕ་བྱང་ཆུབ་སེམས་པའི་གནས་མཆོག་རེད།
བྱ་དེ་ཁྲུང་ཁྲུང་དཀར་མོ།གེ་སར་ལོ།
གཤོག་རྩལ་ང་ལ་གཡོར་དང་།གེ་སར་ལོ།
ཐག་རིང་རྒྱང་ལ་མི་འགྲོ།གེ་སར་ལོ།
ལི་ཐང་བསྐོར་ནས་སླེབས་ཡོང་།གེ་སར་ལོ།
དྭངས་གཙང་གངས་རི་ར་བ།
འཇིག་རྟེན་འདི་ཡི་མཐོ་སྒང་།
དབེན་པའི་གྲོང་ཁྱེར་ཞིག་ན།
དགའ་སྣང་སྐྱོ་སྣང་རེ་རེ།
བསྟན་པ་ཡར་ངོའི་ཟླ་བ།
བླ་གྲྭ་ནམ་མཁའི་སྐར་ཚོགས།
འགྲོ་དྲུག་བུ་ལྟར་སྐྱོང་བའི།
བྱང་སེམས་འདི་ལ་དགའ་དགའ།
བསྟན་བཤིག་རྫུན་པ་འགའ་རེས།
ཁ་མས་བཀའ་འགྱུར་མ་ཎི།
སེམས་སུ་རིན་ཆེན་སྒོར་མོ།
སྤྱོད་ངན་ཤན་པ་སྐྱོ་སྐྱོ།
གདོང་དམར་བོད་ཀྱི་རིགས་སུ།
སྐྱེ་བའི་ཕོ་མོ་དགའ་དགའ།
དམ་པའི་ཆོས་ལ་དད་ལོག
འཇིག་རྟེན་མི་འདི་སྐྱོ་སྐྱོ་སྐྱོ།
come on,
oh,friend are you ready
དྲང་བདེན་དཔོན་པོ་འགའ་རེ།
འོག་སྡེ་བྱམས་སྐྱོང་དགའ་དགའ།
come on,
oh,friend are you ready
ཤེས་མེད་མི་དཔོན་ལ་ལས།
རྒྱུ་ཟ་གནའ་ཟོས་སྐྱོ་སྐྱོ།
come on,
oh,friend are you ready
come on.
སློབ་དཔོན་ཐོན་མི་འཁྲུངས་ནས།
བོད་ཡིག་སྲོན་བཏོད་དགའ་དགའ།
ཁ་ནས་བོད་ཡིན་ཟེར་བའི།
བོད་སྐད་མི་ཤེས་སྐྱོ་སྐྱོ།
གཡང་སྡེ་གྲུ་བཞི་ནང་དུ།
གཞོན་ནུ་མང་བ་དགའ་དགའ།
རྩོམ་དད་ཤེས་རིག་མཁས་པའི།
མི་འདི་ཉུང་བ་སྐྱོ་སྐྱོ།
གླིང་རྗེ་གེ་སར་འདྲ་བ།
རྩལ་དྲུག་འཛོམས་པ་དགའ་དགའ།
རིགས་རུས་སེམས་སུ་བརྗེད་ནས།
ཕུ་ནུ་ནང་དམེ་སྐྱོ་སྐྱོ།
སྔ་མའི་ལུགས་སྲོལ་མི་བརྗེད།
བོད་ཆས་གྱོན་པར་དགའ་དགའ།
ཁོར་སྲུང་འདུ་ཤེས་ཆུང་བས།
སྟག་གཟིག་ལྤགས་རྒྱན་སྐྱོ་སྐྱོ།
གསེར་དང་རིན་ཆེན་གཏེར་མཛོད།
ལྗོན་ཤིང་རི་ལུང་དགའ་དགའ།
ཕུགས་མེད་རང་ཚད་དོན་དུ།
ཤོར་བའི་སྣང་ཚུར་སྐྱོ་སྐྱོ།
ཡབ་མེས་རྣམ་ཤེས་འཁོར་ས།
རྟ་ནོར་ལུག་གསུམ་དགའ་དགའ།
སྡིག་ཙན་ཤན་པའི་ལག་དུ།
ཁྲེལ་མེད་ཉོ་ཚོང་སྐྱོ་སྐྱོ།
རྒྱ་གར་ཤར་གྱི་རྨ་བྱ།གེ་སར་ལོ།
ཀོང་ཡུལ་མཐིལ་གྱི་ནེ་ཙོ།གེ་སར་ལོ།
འཁྲུངས་ས་འཁྲུངས་ཡུལ་མི་གཅིག གེ་སར་ལོ།
འཛོམས་ས་ཆོས་འཁོར་ལྷ་ས།གེ་སར་ལོ།
ཁ་བ་རི་ཡི་གངས་ཕྲུག་ཚོ།
ལོ་རྒྱུས་རིང་མོའི་དཀྱོགས་འཚམས་ནས།
མགོ་ཟུར་རྣ་ཡིས་རྣ་ཉོན་གྱིས།
ཁྲ་ཆུང་མིག་གིས་རྒྱང་ལ་ལྟོས།
དལ་འབྱོར་མི་ལུས་རིན་ཆེན་འདི།
དོན་མེད་ཚེ་ལས་ཟད་པ་ན།
ཕ་ས་བུ་ཡིས་མི་ཟིན་ལ།
ཕ་ཆོས་དཀར་བོ་ཤོར་རྟགས།
མ་གཉིད་མ་ཉལ་ཕ་བཟང་བུ།
རྒྱུ་ནི་རྩྭ་འགོའི་ཟིལ་བ་ཡིན།
ཚེ་ནི་རླུང་ཁའི་མར་མེ་རེད།
ཡོན་ཏན་ཡིད་བཞིན་ནོར་བུ་ཡིན།
མགོ་དཀར་རྒས་པའི་སེམས་དཀར་དང་།
སོ་དཀར་གཞོན་ནུས་སྐད་གསུམ་སྨྲ།
བློ་དཀར་བྱིས་པས་ཚན་རིག་སྦྱོངས།
འདི་གསུམ་འཛོམས་པའི་གླུ་སྒྲ་ལས།
བཀྲ་ཤིས་སྨོན་ལམ་ཡང་ཡང་ཞུ།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息