扎西措 ཡིད་ཀྱི་མེ་ལོང་།

创作翻唱 天籁藏曲歌集 第122期 2019-03-07 创建 播放:6718

介绍: ཡིད་ཀྱི་མེ་ལོང་།
ཚིག པད་མ་དབང་མོ།
དབྱངས། གྲུ་བ་བསམ་འགྲུབ།
ལེན་མཁན། བཀྲ་ཤིས་མཚོ།
་ ་ ་
སྨུག་ལང་ལོང་འཐིབས་པའི་ལུང་ཁུག་ཏུ།
ངའི་ཨ་མྱེས་རྒན་པོའི་ལོ་རྒྱུས་ཡོད།
འུར་ཁྲ་ཆུང་ཞིག་གི་རི་མོ་ལ།
འབྲོང་དར་མ་འཚོས་པའི་རྣམ་ཐར་ཡོད།
གླུ་ཨ་ལ་ལ་མོ་ངས་ལེན།
གླུ་ཐ་ལ་ལ་མོ་ངས་ལེན།
འབྲོང་དར་མ་འཚོས་པའི་རྣམ་ཐར་ཡོད།
ཆར་ཟིམ་ཟིམ་འབབ་སའི་རྫ་འ...

介绍: ཡིད་ཀྱི་མེ་ལོང་།
ཚིག པད་མ་དབང་མོ།
དབྱངས། གྲུ་བ་བསམ་འགྲུབ།
ལེན་མཁན། བཀྲ་ཤིས་མཚོ།
་ ་ ་
སྨུག་ལང་ལོང་འཐིབས་པའི་ལུང་ཁུག་ཏུ།
ངའི་ཨ་མྱེས་རྒན་པོའི་ལོ་རྒྱུས་ཡོད།
འུར་ཁྲ་ཆུང་ཞིག་གི་རི་མོ་ལ།
འབྲོང་དར་མ་འཚོས་པའི་རྣམ་ཐར་ཡོད།
གླུ་ཨ་ལ་ལ་མོ་ངས་ལེན།
གླུ་ཐ་ལ་ལ་མོ་ངས་ལེན།
འབྲོང་དར་མ་འཚོས་པའི་རྣམ་ཐར་ཡོད།
ཆར་ཟིམ་ཟིམ་འབབ་སའི་རྫ་འདབས་སུ།
ངའི་ཨ་ཕྱི་རྒན་མོའི་གསང་བ་ཡོད།
དཀར་འོ་མ་འཁྱིལ་བའི་མཚོ་འགྲམ་ནས།
གཞས་མགུར་མ་འཐེན་པའི་གཏམ་རྒྱུད་ཡོད།
གླུ་ཨ་ལ་ལ་མོ་ངས་ལེན།
གླུ་ཐ་ལ་ལ་མོ་ངས་ལེན།
གཞས་མགུར་མ་འཐེན་པའི་གཏམ་རྒྱུད་ཡོད།
་ ་ ་
སྔོ་སངས་སངས་ན་དམར་སྤང་གཞུང་དུ།
ངའི་ཨ་ཁུ་རྟ་ཕོའི་རྨིག་སྒྲ་ཡོད།
རྐྱང་ཁ་དཀར་འདྲ་བའི་མདོ་ཕྲུག་ལ།
ས་རྒྱ་བོད་བསྐོར་བའི་བང་ཁ་ཡོད།
གླུ་ཨ་ལ་ལ་མོ་ངས་ཞིག་ལེན།
གླུ་ཐ་ལ་ལ་མོ་ངས་ཞིག་ལེན།
ས་རྒྱ་བོད་བསྐོར་བའི་བང་ཁ་ཡོད།
སྙིང་དམར་ཆུང་ཡིད་ཀྱི་གུར་ཁང་ན།
ངའི་ཨ་ཕ་དམ་པའི་ཞལ་གདམས་ཡོད།
སེམས་གངས་དཀར་དབུས་ཀྱི་སྒྲོམ་བུ་ལ།
ངས་བུ་ལ་བཅངས་པའི་རེ་བ་ཡོད།
གླུ་ཨ་ལ་ལ་མོ་ངས་ཞིག་ལེན།
གླུ་ཐ་ལ་ལ་མོ་ངས་ཞིག་ལེན།
ངས་བུ་ལ་བཅངས་པའི་རེ་བ་ཡོད།
ངས་བུ་ལ་བཅངས་པའི་རེ་བ་ཡོད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息