介绍: གངས་ཀྱི་གཤོག་པ།
ཚིག རྒྱལ་མཚན།
དབྱངས། ARK Ban
ལེན་མཁན། གངས་ཀྱི་གཤོག་པ་རོལ་ཚོགས།
་ ་ ་
སྟོད་ཞང་ཞུང་ལུང་རིང་གཅོད་དུས་མེས་པོ་དྲན།
བར་དབུས་གཙང་རུ་བཞི་འགྲིམ་དུས་བླ་མ་དྲན།
སྨད་མདོ་ཁམས་སྒང་དྲུག་བརྒྱུད་དུས་དཔའ་བོའི་གཏམ་རྒྱུད་དྲན།
ས་གསུམ་གསོ་བྱེད་གཙང་བོ་སྤུན་གསུམ་གངས་རིའི་ར་ནས་བྱུང་།
ཡར་ཀླུང་གཙང་བོ། འབྲི་ཆུ་སྔོན་མོ། ཆུ...
介绍: གངས་ཀྱི་གཤོག་པ།
ཚིག རྒྱལ་མཚན།
དབྱངས། ARK Ban
ལེན་མཁན། གངས་ཀྱི་གཤོག་པ་རོལ་ཚོགས།
་ ་ ་
སྟོད་ཞང་ཞུང་ལུང་རིང་གཅོད་དུས་མེས་པོ་དྲན།
བར་དབུས་གཙང་རུ་བཞི་འགྲིམ་དུས་བླ་མ་དྲན།
སྨད་མདོ་ཁམས་སྒང་དྲུག་བརྒྱུད་དུས་དཔའ་བོའི་གཏམ་རྒྱུད་དྲན།
ས་གསུམ་གསོ་བྱེད་གཙང་བོ་སྤུན་གསུམ་གངས་རིའི་ར་ནས་བྱུང་།
ཡར་ཀླུང་གཙང་བོ། འབྲི་ཆུ་སྔོན་མོ། ཆུ་བོ་གསེར་ལྡན།
འབབ་ས་རྒྱ་མཚོ། ཡོང་ས་གངས་ལྗོངས། གངས་ཅན་པའི་སྲོག་གི་རྟེན།
་ ་ ་
གངས་ཕྲུག་ང་། གངས་འདབས་ནས་ལམ་ལ་ཆས་ཏེ་རྒྱང་དུ་ཕྱིན།
དུས་ནམ་ཡང་། གནས་གང་ཡིན་ཡང་། བློ་དཀར་པོ་ཁྱེད་ལ་འཅིངས།
་ ་ ་
ཁྱེད་ཀྱི་བུ་ཕྲུག་ང་ཚོས།
གངས་ཀྱི་ཕྱོགས་བཞི་སྲུང་ནས་ཡོད།
ཁྱེད་ཀྱི་བུ་ཕྲུག་ང་ཚོས།
སྟག་སེང་ཁྱུང་འབྲུག་བཀུར་བཞིན་ཡོད།
ཤར་གྱི་རྒྱལ་རོང་དམ་པ། ལྷོ་ཡི་རྟ་མང་ལྷོ་པ།
ནུབ་ཀྱི་སྦལ་ཏི་ལ་དྭགས། བྱང་གི་མདུང་ནག་བཀའ་མ་ལོག
གངས་ཀྱི་གཤོག་པར་བཀོད་པའི་ན་གཞོན་ཚོས།
གསར་རྙིང་གྲུབ་མཐའི་ཕྱོགས་ཞེན་ཡོངས་སྤང་ནས།
དྲག་རླུང་དང་ཚ་རྡུལ་ཀྱིས་རྡུང་བ་དང་།
ཕྲག་དོག་དང་རྣབས་སེམས་ཀྱི་མནར་ནའང་།
ལེ་ལོ་ཡི་ལྷད་མ་འདྲེས།
བར་སྣང་ཡོངས་རེ་བས་ཁེངས།
བློ་མ་ཕམ། ཡིད་མ་སྐྱོ། ཤུགས་མ་ཆད། ལམ་ལ་ཆས།
གངས་ལས་གྲུབ་པའི་གཤོག་ཟུང་ཤུགས་ཀྱིས་བརྐྱངས།
གངས་རི་ཕྲེང་བའི་རྒྱུ་ཐག་དམ་པོར་བཟུང་།
གངས་ཆུ་སེམས་ཀྱིས་སྐྱོང་། སྙིང་ནས་གཅེས། སྲི་ཞུ་བསྒྲུབ།
ཀི་བསོ་བསོ་ལྷ་རྒྱལ་ལོ།
ཕ་སྤྲེའུ་མ་སྲིན་གདོང་དམར་བ།
བོད་གངས་ཅན་ལྗོངས་ཀྱི་བདག་པོ་ཚོ།
བོད་ཀྱི་གདུང་རྒྱུད།
མཁྲེགས་བཟུང་ང་རྒྱལ་སྤང་དགོས།
འབྱུང་འགྱུར་ཉིད་ལ་མོས་དགོས།
་ ་ ་
གངས་ཕྲུག་ང་ཚོས་མེས་པོའི་ཤུལ་བཞག་བདུན་བསྐྱོད་ཀྱི་སྒུལ་ཤུགས་དུ་བསྒྱུར་ནས།
དམ་པའི་ལྷ་ཆོས་་འཛིན་ཞོར་འཇིག་རྟེན་མི་ཆོས་མགོ་འཇུག་མི་འཆོལ་བར་སྐྱོང་།
འཇིགས་པ་མེད་པའི་སྙིང་སྟོབས་ལེགས་ཉེས་སྟོན་པའི་བློ་གྲོས་ཀྱིས་ཕྱུག་པར་སྨོན།
་ ་ ་
ཡར་ཀླུང་གཙང་བོ། འབྲི་ཆུ་སྔོན་མོ། ཆུ་བོ་གསེར་ལྡན།
འབབ་ས་རྒྱ་མཚོ། ཡོང་ས་གངས་ལྗོངས། གངས་ཅན་པའི་སྲོག་གི་རྟེན།
་ ་ ་
གངས་ཕྲུག་ང་། གངས་འདབས་ནས་ལམ་ལ་ཆས་ཏེ་རྒྱང་དུ་ཕྱིན།
དུས་ནམ་ཡང་། གནས་གང་ཡིན་ཡང་། བློ་དཀར་པོ་ཁྱེད་ལ་འཅིངས།
་ ་ ་
ཡར་ཀླུང་གཙང་བོ། འབྲི་ཆུ་སྔོན་མོ། ཆུ་བོ་གསེར་ལྡན།
འབབ་ས་རྒྱ་མཚོ། ཡོང་ས་གངས་ལྗོངས། གངས་ཅན་པའི་སྲོག་གི་རྟེན།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息