雪山梦组合 རྟ་མཆོག་འཕུར་ཤེས།

创作翻唱 天籁藏曲歌集 第119期 2019-03-07 创建 播放:6101

介绍: རྟ་མཆོག་འཕུར་ཤེས།
ཚིག འབྲུག་ལྷ་རྒྱལ།
ལེན་མཁན། གངས་རིའི་རྨི་ལམ་ཚན་སྡེབ།

རྟ་མགོ་ཡིད་བཞིན་ནོར་བུ།
སྤོབས་པའི་རུ་དར་ཡིན་འགྲོ།
རྟ་སྐེད་རྡོ་རྗེའི་མདུད་པ།
དམ་པོའི་སྲོག་རྩ་ཡིན་འགྲོ།
རྟ་རྔ་སྟོང་སྐུད་ཅ་ལ།
རྒྱལ་བའི་ཁ་གཡང་ཡིན་འགྲོ།
རྨིག་བཞི་རླུང་གི་འཁོར་ལོ།
འཕུར་བའི་གཤོག་པ་ཡིན་འགྲོ།
ཨ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
རྒྱུགས་...

介绍: རྟ་མཆོག་འཕུར་ཤེས།
ཚིག འབྲུག་ལྷ་རྒྱལ།
ལེན་མཁན། གངས་རིའི་རྨི་ལམ་ཚན་སྡེབ།

རྟ་མགོ་ཡིད་བཞིན་ནོར་བུ།
སྤོབས་པའི་རུ་དར་ཡིན་འགྲོ།
རྟ་སྐེད་རྡོ་རྗེའི་མདུད་པ།
དམ་པོའི་སྲོག་རྩ་ཡིན་འགྲོ།
རྟ་རྔ་སྟོང་སྐུད་ཅ་ལ།
རྒྱལ་བའི་ཁ་གཡང་ཡིན་འགྲོ།
རྨིག་བཞི་རླུང་གི་འཁོར་ལོ།
འཕུར་བའི་གཤོག་པ་ཡིན་འགྲོ།
ཨ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
རྒྱུགས་ཡ་རྒྱུགས་ཡ་ཅང་ཤེས་རྒོད་པོ།
མཐོན་པོའི་སྒང་ནས་ཁྱོད་ལ་བལྟས་ཡོད།
དམའ་མོའི་གཞོངས་ནས་ཁྱོད་ལ་ཉན་ཡོད།

དངུལ་སྲབ་སྐར་མ་སྟོང་ལྡན།
མདུན་གྱི་ཁ་ཕྱོགས་ཡིན་འགྲོ།
གསེར་སྒ་ཉི་མ་རང་ཤར།
ཕུགས་ཀྱི་རྟིང་མ་ཡིན་འགྲོ།
ཡོབ་ཆེན་པ་ཏྲ་དགུ་སྐོར།
དཔུང་གི་རྟིང་གནོན་ཡིན་འགྲོ།
ལྕག་ཡུ་བསམ་པའི་དོན་འགྲུབ།
བརྩོན་པའི་བློ་ཐག་ཡིན་འགྲོ།
ཨ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
རྒྱུགས་ཡ་རྒྱུགས་ཡ་ཅང་ཤེས་རྒོད་པོ།
མཐོན་པོའི་སྒང་ནས་ཁྱོད་ལ་བལྟས་ཡོད།
དམའ་མོའི་གཞོངས་ནས་ཁྱོད་ལ་ཉན་ཡོད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息