玛久卓玛 མཚོ་ཁའི་ཨ་ཅག་བུ་མོ།

创作翻唱 天籁藏曲歌集 第109期 2019-03-06 创建 播放:5744

介绍: མཚོ་ཁའི་ཨ་ཅག་བུ་མོ།
ཚིག གཡུ་བཀྲ་ཤིས་རབ་བརྟན།
དབྱངས། རང་བྱུང་རྡོ་རྗེ།
ལེན་མཁན། མ་ཅིག་སྒྲོལ་མ།
་ ་ ་
ནུབ་རིའི་མུ་ཏིག་མཆོད་རྟེན་གམ་ནས། །
སྲོད་ཁའི་མཚམས་སྤྲིན་དམར་པོའི་འོག་ཏུ། །
མེ་ཏོག་ཞལ་ཁ་ཟུམ་པ་མཐོང་ན། །
མཚོ་ཁར་གནས་པའི་ཨ་ཅག་བུ་མོའི། །
མཁུར་ཚོས་བྱུ་རུའི་དམར་མདངས་དྲན་ཡོང་། །
ཨོ་ཧོ་་་མཚོ་ཁའི་ཨ་ཅག་བུ་མོ།
མཁུར་ཚོས་བྱ...

介绍: མཚོ་ཁའི་ཨ་ཅག་བུ་མོ།
ཚིག གཡུ་བཀྲ་ཤིས་རབ་བརྟན།
དབྱངས། རང་བྱུང་རྡོ་རྗེ།
ལེན་མཁན། མ་ཅིག་སྒྲོལ་མ།
་ ་ ་
ནུབ་རིའི་མུ་ཏིག་མཆོད་རྟེན་གམ་ནས། །
སྲོད་ཁའི་མཚམས་སྤྲིན་དམར་པོའི་འོག་ཏུ། །
མེ་ཏོག་ཞལ་ཁ་ཟུམ་པ་མཐོང་ན། །
མཚོ་ཁར་གནས་པའི་ཨ་ཅག་བུ་མོའི། །
མཁུར་ཚོས་བྱུ་རུའི་དམར་མདངས་དྲན་ཡོང་། །
ཨོ་ཧོ་་་མཚོ་ཁའི་ཨ་ཅག་བུ་མོ།
མཁུར་ཚོས་བྱུ་རུའི་དམར་མདངས་དྲན་ཡོང་། །
་ ་ ་
ལྷོ་རིའི་སྐྱེད་ཚལ་ནགས་ཀླུང་དབུས་ནས། །
སྟོན་ཁའི་བསིལ་རླུང་འཇམ་པོའི་ཁྲོད་དུ། །
ཡལ་གའི་ལོ་མ་ས་རུ་འཐོར་ན། །
མཚོ་ཁར་གནས་པའི་ཨ་ཅག་བུ་མོའི། །
གནག་སྣུམ་སྐྲ་ལོའི་ལན་བུ་དྲན་ཡོང་། །
ཨོ་ཧོ་་་མཚོ་ཁའི་ཨ་ཅག་བུ་མོ།
གནག་སྣུམ་སྐྲ་ལོའི་ལན་བུ་དྲན་ཡོང་། །
་ ་ ་
མཁར་གྲོང་སྐྱ་བོའི་སྨག་རུམ་གསེབ་ནས། །
ཁེར་རྐྱང་བསམ་གཞིག་རིང་མོའི་ཁྲོད་དུ། །
མཁའ་མཐར་འཚེར་བའི་སྐར་ཆེན་མཐོང་ན། །
མཚོ་ཁར་གནས་པའི་ཨ་ཅག་བུ་མའི། །
ཁྲ་ཆེན་མིག་གི་ཟུར་མདའ་དྲན་ཡོང་། །
ཨོ་ཧོ་་་མཚོ་ཁའི་ཨ་ཅག་བུ་མོ།
ཁྲ་ཆེན་མིག་གི་ཟུར་མདའ་དྲན་ཡོང་། །
ཨོ་ཧོ་་་མཚོ་ཁའི་ཨ་ཅག་བུ་མོ།
ཁྲ་ཆེན་མིག་གི་ཟུར་མདའ་དྲན་ཡོང་། །

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息