创作翻唱 བྱ་བ་ལམ་འགྲོ། 第156期 2019-02-21 创建 播放:11426

介绍: གསོལ་འདེབས་ཀྱི་དབྱངས་འགྲོས་རེས།

དག་ཞིང་གི་བཀོད་པ་སེམས་སུ་འདྲེན།

མི་ཚོགས་ཀྱི་རྡོག་སྒྲ་རེ་རེས།

རྒྱང་བསྐྱོད་ཀྱི་རྨི་ལམ་ཁོང་ན་སྦྲུམ།

མཇལ་བ་རེའི་གདོང་ལ་བྱིན་རླབས་ཀྱི་བདེ་དྲོད་འབར།

དད་ལྡན་རེའི་སེམས་སུ་མཆོག་གསུམ་གྱི་ཟེགས་མ་ཕབ།

འོ། རྒྱ་ནག་མ་ཎི། 

ཁྱེད་ཀྱི་སྐོར་ལམ་རེ་རེ་བཞིན།

བོད་མིའི་སེམས་ནས་དཔྱངས་ཏེ་ཕྱོགས་བཅུ...

介绍: གསོལ་འདེབས་ཀྱི་དབྱངས་འགྲོས་རེས།

དག་ཞིང་གི་བཀོད་པ་སེམས་སུ་འདྲེན།

མི་ཚོགས་ཀྱི་རྡོག་སྒྲ་རེ་རེས།

རྒྱང་བསྐྱོད་ཀྱི་རྨི་ལམ་ཁོང་ན་སྦྲུམ།

མཇལ་བ་རེའི་གདོང་ལ་བྱིན་རླབས་ཀྱི་བདེ་དྲོད་འབར།

དད་ལྡན་རེའི་སེམས་སུ་མཆོག་གསུམ་གྱི་ཟེགས་མ་ཕབ།

འོ། རྒྱ་ནག་མ་ཎི། 

ཁྱེད་ཀྱི་སྐོར་ལམ་རེ་རེ་བཞིན།

བོད་མིའི་སེམས་ནས་དཔྱངས་ཏེ་ཕྱོགས་བཅུའི་ཞིང་གི་སྒོ་ཁར་ཟུག་ཡོད་པས།

དད་པའི་འདུན་མ་གཏན་དུ་འགྱུར་བ་མེད།

བསྭོ། ཡ་ལ་ནས་བསྭོ། རྒྱ་ནག་མ་ཎི།

 རིག་གནས་གཉིས་ཀྱི་སོ་ཁ་ན་འགྲེངས་ཏེ།

བསྭོ། ཡ་ལ་ནས་བསྭོ། རྒྱ་ནག་མ་ཎི།

དད་འདུན་གཙང་མའི་དར་ཆ་དེ་བསྲུང་ཡོད།

གླུ་ཨ་ལ་ལ་མོ་ཨ་ལ་རེད། 

མ་ཐ་ལ་ངག་གི་འགུགས་ལུགས་རེད།

ངག་འགྱུར་ཁུག་ལྡན་པའི་ཚངས་པའི་དབྱངས། །

 ལྷ་དཀོན་མཆོག་མཆོད་པའི་རྟེན་དུ་འབུལ། ། 

ངོ་མཚར་གྱི་བཟོ་བཀོད་རེས།

 ལོ་རྒྱུས་ཀྱི་དྲན་པ་གཏིང་ནས་སྒུལ།

གཏིང་ཟབ་པའི་འབུར་རྐོས་རེ་རེས།

ཕ་མེས་ཀྱི་སྙིང་རུས་གཟུགས་སུ་བཞེངས།

བརྗིད་ཆགས་པའི་ཉམས་ཀྱིས་ཉི་ཟླ་ཡི་ང་རྒྱལ་བཅོམ།

ཐེར་གཟུགས་ཀྱི་རྣམ་པས་ཡུལ་གྱར་བའི་དཔའ་སྟོབས་གསོ།

འོ། རྒྱ་ནག་མ་ཎི། 

ཁྱེད་ཀྱི་མཎ་རྡོ་རེ་རེ་བཞིན། 

བོད་མིའི་ལག་རྗེས་དོད་པའི་གསེར་གྱི་གླེགས་བམ་གསུངས་འབྱོན་མ་རེ་ཡིན།

 རེ་བའི་རིན་ཐང་གཏན་དུ་ཉམས་པ་མེད།

བསྭོ། ཡ་ལ་ནས་བསྭོ།རྒྱ་ནག་མ་ཎི།

 དུས་རབས་གཉིས་ཀྱི་སོ་མཚམས་ནས་འགྲེང་ཏེ།

བསྭོ། ཡ་ལ་ནས་བསྭོ།  རྒྱ་ནག་མ་ཎི

། མི་རིགས་ཤིག་གི་ལས་དབང་དེ་མཚོན་ཡོད།

——2019.1.11  བོད་ལྕེ།  

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息