豆泽本 ཕ་ཡུལ།

创作翻唱 天籁藏曲歌集 第63期 2019-02-06 创建 播放:4429

介绍: ཕ་ཡུལ།
གཞས་ཚིག༼རུ་སྔན་དབང་འབུམ་རྒྱལ༽
དབྱངས༼སྟག་རྩེ་འབུམ༽
གཞས་པ༼སྟག་རྩེ་འབུམ༽

རྒྱང་ལ་འགྲོ་དུས་མིག་ཟུང་སྟོང་གི་སྐྱེལ་མ་ཡོད།།
ཡུལ་ལ་ལོག་དུས་སེམས་པ་ཁྲི་ཡི་བསུ་མ་ཡོད།།
ཡིད་ཐང་ཆད་ན་སེམས་ངལ་གསོ་བའི་རྩྭ་ཐང་ཡོད།།
རེ་ཐག་ཆད་ན་སེམས་པ་སྐྱོར་བའི་རི་རབ་ཡོད།།
གང་ནས་བསྡད་ཀྱང་སེམས་པ་བརྟེན་སའི་བླ་རི་ཡིན།།

ཆུང་དུས་ཕ་ངོ་མ་ངོ་འཕ...

介绍: ཕ་ཡུལ།
གཞས་ཚིག༼རུ་སྔན་དབང་འབུམ་རྒྱལ༽
དབྱངས༼སྟག་རྩེ་འབུམ༽
གཞས་པ༼སྟག་རྩེ་འབུམ༽

རྒྱང་ལ་འགྲོ་དུས་མིག་ཟུང་སྟོང་གི་སྐྱེལ་མ་ཡོད།།
ཡུལ་ལ་ལོག་དུས་སེམས་པ་ཁྲི་ཡི་བསུ་མ་ཡོད།།
ཡིད་ཐང་ཆད་ན་སེམས་ངལ་གསོ་བའི་རྩྭ་ཐང་ཡོད།།
རེ་ཐག་ཆད་ན་སེམས་པ་སྐྱོར་བའི་རི་རབ་ཡོད།།
གང་ནས་བསྡད་ཀྱང་སེམས་པ་བརྟེན་སའི་བླ་རི་ཡིན།།

ཆུང་དུས་ཕ་ངོ་མ་ངོ་འཕྲོད་སའི་གཞིས་ཁྱིམ་གནས།།
གཞོན་དུས་ས་མཐར་འགྲིམས་པའི་ལྗིད་པའི་རྐང་རྗེས་འདུག།
རྒས་དུས་སེམས་པ་འཁོར་སའི་ཚང་མལ་འདི་ནས་བཅོས།།
ཚེ་གཅིག་སྨོན་་ལམ་འདེབས་སའི་བླ་མ་འདི་རུ་བཞུགས།།
གང་ལ་སོང་ན་སེམས་ཀྱི་གཟུངས་ཐག་འདི་རུ་བཏགས།།

མྱི་མཐའ་ལྷུང་དུས་བསང་ཀྱི་དུ་བ་དགུང་ན་འཆེད།།
ཁ་ལས་སྨད་དུས་རླུང་རྟའི་རྟ་རྒོད་རི་ནས་སྤུར།།
བོས་ན་སིང་སིང་ཨ་ལན་སྟེར་མཁན་ཞིག།
བཅོལ་ན་ཡ་ཡ་ཟེར་བའི་དོན་བྱ་སྒྲུབ་མཁན་ཞིག།
གང་ནས་བསྡད་ཀྱང་ཁྱོད་རང་ཡོད་པའི་སྐྱིད་ཅིག་ཡིན།།

རི་ཚོགས་ཕྲེང་བའི་བསྐོར་བའི་ཕྱི་ཡི་ལྕགས་རི་ཡོད།།
རིག་གནས་བཅུ་ཡི་ཕྱུག་པའི་ནང་གི་བཀོད་པ་ཡོད།།
མགོ་ན་སྔོ་ཞིང་དྭངས་བའི་མཐོན་པོའི་ནམ་མཁའ་ཡོད།།
ས་ན་མཛེས་ཤིང་སྡུག་པའི་མེ་ཏོག་སྣ་བརྒྱ་ཡོད།།
གང་ལ་ཆས་ཡང་ཡིད་སེམས་མདའ་མོ་འདི་རུ་ཕྱོགས།།

རྒྱུ་འབྲས་སྲུང་བའི་ངོ་ཤ་སྨུག་པོའི་མི་རིགས་ཤིག།
སེམས་ཅན་བསམ་པའི་ཚི་དྲེག་དད་ལྡན་མི་རིགས་ཤིག།
ཞི་བདེ་སྨོན་པའི་ཕྲེང་འཛིན་མ་ཎི་འདོན་མཁན་ཞིག།
ཀུན་གྱི་མིག་ན་རྨོངས་དད་གདོད་མའི་མི་རིགས་ཤིག།

ཐམས་ཅད་ཡིད་ན་རྗེས་ལུས་བག་འཁུམ་མི་རིགས་འདི།།
ཁྱེད་ཀྱིས་མ་རིག་སྤྲིན་དཀར་བང་རིམ་གསེབ་ན་འཚོ།།
ཁྱེད་ཀྱིས་མ་ཤེས་བློ་དང་བཀོད་པ་སེམས་ན་གནས།།
ཁྱེད་ཀྱིས་མ་མཐོང་མཛེས་པའི་རི་མོ་སེམས་ལ་དཔར།།
མ་མཐོང་མ་རིག་མ་ཤེས་དྲན་ན་ཡིད་རེ་སྨྲེང་།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息