宗日姑娘 萨琴乐队

创作翻唱 藏歌@音牧子 第421期 2019-02-01 创建 播放:19885

介绍: 1376
རྫོང་རུའི་བུ་མོ།
གངས་དཔལ་གྱིས་ཚིག་བརྩམས།
དབྱངས། ས་ཆེན་རོལ་ཚོགས།
ལེན་མཁན། ས་ཆེན་རོལ་ཚོགས།

ཁྱེད་རང་འབྲོག་འབའ་ཐང་ན་ཡོད་དུས།
ངས་ཉི་མའི་ངོས་སུ་སྤྲིན་གྱི་ལ་གཞས་ཤིག་བྲིས་ཏེ།
འོད་ཀྱི་སྐུད་སྣེ་ནས་ལྕེབས་སུ་བཅུག
ཁྱེད་ཀྱི་སྙན་ལ་འཇེབས་པའི་གླུ་སྐད་ཀྱི་དངོས་གྲུབ་རེ་རེ།
རིང་བསྲེལ་གྱི་སྦྲང་ཆར་བཞིན་སྤང་འཇམ་ངོས་སུ་ཁད་ཀྱི...

介绍: 1376
རྫོང་རུའི་བུ་མོ།
གངས་དཔལ་གྱིས་ཚིག་བརྩམས།
དབྱངས། ས་ཆེན་རོལ་ཚོགས།
ལེན་མཁན། ས་ཆེན་རོལ་ཚོགས།

ཁྱེད་རང་འབྲོག་འབའ་ཐང་ན་ཡོད་དུས།
ངས་ཉི་མའི་ངོས་སུ་སྤྲིན་གྱི་ལ་གཞས་ཤིག་བྲིས་ཏེ།
འོད་ཀྱི་སྐུད་སྣེ་ནས་ལྕེབས་སུ་བཅུག
ཁྱེད་ཀྱི་སྙན་ལ་འཇེབས་པའི་གླུ་སྐད་ཀྱི་དངོས་གྲུབ་རེ་རེ།
རིང་བསྲེལ་གྱི་སྦྲང་ཆར་བཞིན་སྤང་འཇམ་ངོས་སུ་ཁད་ཀྱིས་འཐོར།
རྫོང་རུའི་བུ་མོ། འབའ་ཐང་གི་ཨུ་དུམ་ཝ་ར།
གནམ་གྱི་སྐར་མ་དབུ་ལ་མཛེས་པའི་སྐྲ་རྒྱན་ཙམ་ཡོང་ན།
ཐང་གི་མེ་ཏོག་མགུལ་ལ་མཛེས་པའི་སྐེ་རྒྱན་ཙམ་ཡོང་ན།
ང་ཡི་ལུས་པོས་ངན་སོང་འགྲིམ་དགོས་རུང་།
ཁྱེད་ནི་ངའི་ཞེ་འདང་གི་ཉེས་པ་ལྟུང་ས་དང་སྡིག་པ་བཤགས་ས་ཡིན།
རྫོང་རིའི་བུ་མོ།

ཁྱེད་རང་རོང་འབའ་གཞུང་ན་ཡོད་དུས།
ངས་འབའ་ཆུའི་རྒྱུན་ལ་ཚིག་གི་ངང་ཁྱུ་ཞིག་བསྐུར་ཏེ།
རླབས་ཀྱི་རྔམས་ཁ་ནས་འཕྱུར་ཏུ་བཅུག
ཁྱེད་ཀྱི་གཉོམ་ལ་དུངས་པའི་རེ་སྒུག་གི་སྙེ་མ་རེ་རེ།
ཟོ་ནང་གི་འོ་ཁ་བཞིན་རྣང་ཞིང་ན་ལྡེམ་ལྡེམ་གཡོ།
རྫོང་རུའི་བུ་མོ། རྨ་འགྲམ་གྱི་རྨ་བྱ་ལྗང་ལོ།
འཆར་ཀའི་འཇའ་ཚོན་ཕྱག་ལ་འཇམ་པའི་གདུ་གུ་ཙམ་ཡོང་ན།
སྲོད་ཀྱི་མཚམས་སྤྲིན་ལུས་ལ་བསིལ་བའི་རྒྱན་གོས་ཙམ་ཡོང་ན།
ངའི་རུས་པའི་ཉིང་ཁུ་བཙགས་དགོས་རུང་།
ཁྱེད་ནི་ངའི་ལང་ཚོ་ཡི་མཆོད་པ་འབུལ་ས་དང་སྦྱིན་པ་གཏོང་ས་ཡིན།
རྫོང་རུའི་བུ་མོ།

           (歌词大意)  
1                           
 当你在巴塘牧区之时
我用彩虹给你写下了一首情歌
用余辉悬挂在青空
你那动听悦耳的歌声如滴滴露珠
蒙蒙细雨飘逸着轻纱,散落在草原一片翠绿
宗日姑娘好似巴塘盛开的花朵
天上繁星不配做你双珠发簪
河边群花见你项链都羞玉颜
我若视而不得则堕地狱
故若欲脱离苦难,净化所做恶业,除非拥有你。
宗日姑娘
 2
当你在巴雄农耕之时
我那叠着情诗的纸鹤沿小河向你奔去
汹涌澎湃、浪潮翻腾
你那窈窕曼妙的身姿如田间麦穗   凝望远方
又如那小木桶里的奶皮  在自己的田海荡漾
宗日姑娘好似黄河边的开屏孔雀
绚丽彩虹不配做你那晶莹手镯
天边彩霞见你霓裳都羞玉颜
哪怕我遍体鳞伤、身粉碎骨
你是我青春的追求和毕生之归宿
宗日姑娘

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息