2019德吉才让VS措雅《纪念班禅大师》

创作翻唱 公保·Music 第102期 2019-01-20 创建 播放:19923

介绍: གངས་རིའི་དུང་ཟླ་ཆུ་དམར་ལེབ་དུ་བཞད་པའི་ཞབས་རྗེས།

ཚིག ལྡོང་ཡོན་ཏན་རྒྱ་མཚོ།
དབྱངས། སོག་ཤོད་དར་རྒྱས།
ལེན་མཁན། མཚོ་ཡག བདེ་སྐྱིད་ཚེ་རིང་།

གངས་དཀར་བོ་ཚང་གི་བླ་སྲོག་སྐྱོང་བའི་དེད་དཔོན།
བོད་གདོང་དམར་ཚང་གི་ཆོས་རིག་སྲིད་ཀྱི་བ་དན།
ཐུགས་སྟོབས་ལ་མེ་དཔུང་འབར་བའི།
འཕྲིན་ལས་ལ་འོད་སྟོང་འཚེར་བའི།
ཀུན་གཟིགས་ཐམས་ཅད་མཁྱེན་པ།
པཎ་...

介绍: གངས་རིའི་དུང་ཟླ་ཆུ་དམར་ལེབ་དུ་བཞད་པའི་ཞབས་རྗེས།

ཚིག ལྡོང་ཡོན་ཏན་རྒྱ་མཚོ།
དབྱངས། སོག་ཤོད་དར་རྒྱས།
ལེན་མཁན། མཚོ་ཡག བདེ་སྐྱིད་ཚེ་རིང་།

གངས་དཀར་བོ་ཚང་གི་བླ་སྲོག་སྐྱོང་བའི་དེད་དཔོན།
བོད་གདོང་དམར་ཚང་གི་ཆོས་རིག་སྲིད་ཀྱི་བ་དན།
ཐུགས་སྟོབས་ལ་མེ་དཔུང་འབར་བའི།
འཕྲིན་ལས་ལ་འོད་སྟོང་འཚེར་བའི།
ཀུན་གཟིགས་ཐམས་ཅད་མཁྱེན་པ།
པཎ་ཆེན་སྣང་བ་མཐའ་ཡས།
ཁྱོད་ཀྱི་སྐུ་གཟུགས་རི་རྒྱལ་ལྷུན་པོ་གངས་དཀར་ལྗོངས་སུ་བཞུགས་དུས་གངས་ལ་གཟི་དཔལ་བསྣན་མྱོང་།
ཁྱོད་ཀྱི་གསུང་གི་སྒྲ་དབྱངས་བཙན་པོ་བོད་པའི་མཐོངས་ནས་ལྡིར་དུས་བོད་ལ་རྒྱལ་མཚན་བཙུགས་མྱོང་།
ཉི་ཟླའི་འོད་སྣང་མ་གཟིམ་བར་དུ།
ནམ་མཁའི་རང་མདངས་མ་འགྱུར་བར་དུ།
མཆོག་གི་མཛད་རྗེས་ལ་ཟད་མཐའ་མེད།
མཆོག་གི་ཐུགས་སྟོབས་ལ་ལྷོད་པ་མེད།

སྦྲ་ནག་པོ་ཚང་གི་རླུང་རྟ་བསྐྱེད་པའི་མགོན་པོ།
ཞིང་གྲུ་བཞི་ཚང་གི་མདུན་ལྗོངས་གསལ་བའི་སྒྲོན་མེ།
ཤེས་རབ་ལ་གློག་ཞགས་འཁྱུག་པའི།
བྱམས་བརྩེ་ལ་ཉེ་རིང་མེད་པའི།
ཀུན་གཟིགས་ཐམས་ཅད་མཁྱེན་པ།
པཎ་ཆེན་སྣང་བ་མཐའ་ཡས།
ཁྱོད་ཀྱི་ཞབས་རྗེས་གསེར་གྱི་རི་མོ་ཆུ་དམར་ལེབ་ལ་བྲིས་པས་རྫོགས་ལྡན་དཔྱིད་དཔལ་བཞད་མྱོང་།
ཁྱོད་ཀྱི་ཐུགས་རྗེ་འོ་མའི་མཚོ་མོ་ཆུ་དམར་ལེབ་ལ་འཁྱིལ་བས་ལུགས་གཉིས་དགའ་སྟོན་དར་མྱོང་།
རྨ་འབྲུའི་བཞུར་རྒྱུན་མ་ཆད་བར་དུ།
གཡུ་ཡི་མཚོ་མོ་མ་སྐམ་བར་དུ།
མཆོག་གི་མཛད་རྗེས་ལ་ཟད་མཐའ་མེད།
མཆོག་གི་ཐུགས་སྟོབས་ལ་ལྷོད་པ་མེད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息